ཧོང་ཀོང་ནང་རྒྱ་ནག་གི་སྤྱི་སྐད་བཅུག་པར་སློབ་ཕྲུག་མང་པོས་ངོ་རྒོལ་བྱས་འདུག


2018.01.26
ཧོང་ཀོང་ནང་རྒྱ་ནག་གི་སྤྱི་སྐད་བཅུག་པར་སློབ་ཕྲུག་མང་པོས་ངོ་རྒོལ། ༢༠༡༨།༡།༢༦ ཧོང་ཀོང་ནང་རྒྱ་ནག་གི་སྤྱི་སྐད་བཅུག་པར་སློབ་ཕྲུག་མང་པོས་ངོ་རྒོལ། ༢༠༡༨།༡།༢༦
RFA

ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་ཐོན་ཡིག་རྒྱུགས་ནང་རྒྱ་ནག་གི་སྤྱི་སྐད་(Mandarin)་བཅུག་པའི་ཐག་གཅོད་ལ་སློབ་ཕྲུག་ཚོས་ངོ་རྒོལ་བྱས་ཡོད་འདུག
དེ་ཡང་རྒྱ་ནག་སྐམ་སའི་ནང་བེད་སྤྱོད་བྱེད་བཞིན་པའི་པེ་ཅིན་གྱི་སྐད་མདངས་གཙོ་བོར་བྱས་པའི་རྒྱ་ནག་གི་སྤྱི་སྐད་(Mandarin )་ཞེས་པ་ཧོང་ཀོང་གི་སློབ་གྲའི་སློབ་ཐོན་ཡིག་རྒྱུགས་ནང་། སློབ་ཕྲུག་ཚོར་འདོད་མོས་ཡོད་མེད་ལ་མ་བལྟོས་པར་ཡིག་རྒྱུགས་ཀྱི་སློབ་ཚན་ཁོངས་སུ་གཏོང་རྒྱུར་ཧོང་ཀོང་སློབ་གྲས་ཐག་གཅོད་བྱས་པའི་གནད་དོན་ཐོག་གཟའ་པ་སངས་ཉིན་ཧོང་ཀོང་གི་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་ཀྱིས་ངོ་རྒོལ་རྔམ་སྟོན་བྱས་ཡོད་འདུག   ཧོང་ཀོང་གི་སྐད་ཡིག་ཨང་དང་པོ་དེ་ཀོང་ཏུང་གི་སྐད་མདངས་ཡིན་ཞིང་། ཧོང་ཀོང་སློབ་གསོ་ལྷན་ཁང་གི་དཔོན་རིགས་ནས་ཧོང་ཀོང་ནང་རྒྱ་ནག་གི་སྤྱི་སྐད་ལ་དོ་སྣང་དང་གལ་ཆེར་རྩིས་དགོས་པའི་བསམ་འཆར་བཏོན་པའི་རྗེས། ཧོང་ཀོང་གི་རིག་གནས་དང་ངོ་བོ་རྒྱ་ནག་སྐམ་ས་ཅན་དུ་འགྱུར་རྒྱུར་ཧོང་ཀོང་མི་མང་མང་པོས་སེམས་ཚབ་བྱེད་བཞིན་ཡོད་པ་རེད།   གཟའ་འཁོར་འདིའི་ནང་ཧོང་ཀོང་གི་(Baptist)་འམ་ཅིང་ཧོད་སློབ་གྲྭ་ཆེན་མོའི་སློབ་ཕྲུག་གཉིས་ཀྱིས་ཧོང་ཀོང་གི་ཡིག་རྒྱུག་ལམ་ལུགས་ནང་རྒྱ་ནག་གི་སྤྱི་སྐད་སློབ་ཚན་ཁོངས་སུ་རྩིས་ནས་ཡིག་རྒྱུགས་གཏོང་རྒྱུའི་ཐག་གཅོད་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་སློབ་གྲྭ་ནས་སློབ་ཕྲུག་གཉིས་པོ་སློབ་སྦྱོང་བྱ་རྒྱུ་གནས་སྐབས་མཚམས་འཇོག་གི་ཉེས་པ་བཏང་བའི་བའི་རྗེས་ཧོང་ཀོང་གི་སློབ་གྲ་ཆེན་མོའི་སློབ་ཕྲུག་ཚོས་སློབ་གྲའི་ཐག་གཅོད་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་བཞིན་ཡོད་པ་དང་། གཟའ་པ་སངས་ཉིན་ཧོང་ཀོང་སློབ་གྲ་ཆེན་མོའི་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་(Baptist)་སློབ་གྲ་ཆེན་མོའི་ནང་འཛོམས་ནས་སློབ་ཕྲུག་ཚོར་བཙན་གནོན་བྱེད་ཡས་དེ་ནི་ངོ་ཚ་དགོས་པའི་བྱ་སྤྱོད་ཤིག་རེད་ལ་སོགས་པའི་འཕྲེད་དར་འཕྱར་ནས་གོང་ཞུས་སློབ་ཕྲུག་གཉིས་པོར་རྒྱབ་སྐྱོར་རྔམ་སྟོན་བྱས་ཡོད་པ་དང་། དེའི་ནང་སློབ་གྲྭ་ཆེན་མོའི་དགེ་རྒན་ཁག་ཅིག་ཡང་མཉམ་བཞུགས་གནང་ཡོད་འདུག
(Baptist)་ སློབ་གྲ་ཆེན་མོས་རྒྱ་ནག་གི་སྤྱི་སྐད་སློབ་ཐོན་ཡིག་ཚད་ཁོངས་སུ་བཅུག་རྒྱུའི་ཐག་གཅོད་ལ་ངོ་རྒོལ་བྱེད་མཁན་སློབ་ཕྲུག་མཐུན་ཚོགས་ཀྱི་འགོ་ཁྲིད་ལིའུ་ཙེ་ཆིང་གིས། ཧོང་ཀོང་གི་སློབ་གྲས་སློབ་ཕྲུག་ཐོག་འཛིན་པའི་ཐག་གཅོད་དེ་རིགས་ལ་ང་ཚོས་བསམ་བློ་ནན་པོ་བཏང་དགོས་པ་ཞིག་ཡིན་ཞིང་། སློབ་གྲའི་ཐག་གཅོད་ལ་ཁོང་དང་སློབ་ཕྲུག་ཚོར་བློ་ཕམ་ཆེན་པོ་བྱུང་བའི་སྐོར་གསུངས་འདུག
སློབ་ཕྲུག་ཚོས་སློབ་གྲའི་ནང་རྒྱ་ནག་གི་སྤྱི་སྐད་སློབ་གྲའི་ཡིག་རྒྱུགས་ཀྱི་གྲས་སུ་བཅུག་རྒྱུའི་ཐག་གཅོད་ལ་ངོ་རྒོལ་རྔམ་སྟོན་བྱེད་པའི་སྐབས། སུ་ཡིན་མིན་ངོ་རྟགས་མི་ཆོད་པའི་མི་ཁག་ཅིག་གིས་ཧོང་ཀོང་ནང་རྒྱ་ནག་གི་སྤྱི་སྐད་བེད་སྤྱོད་བྱ་རྒྱུ་དེ་དུས་ལ་སླེབས་ཡོད་ལུགས་སོགས་ཀྱི་འཕྲེད་དར་འཁྱེར་ནས་ཧོང་ཀོང་སློབ་གྲྭས་གོང་ཞུས་སློབ་ཕྲུག་གཉིས་གནས་སྐབས་སློབ་སྦྱོང་བྱ་རྒྱུ་མཚམས་འཇོག་གི་ཐག་གཅོད་ལ་རྒྱབ་སྐྱོར་ཡོད་ལུགས་ཀྱི་རྣམ་འགྱུར་བསྟན་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎