བོད་རང་བཙན་སློབ་ཕྲུག་ཚོཊ་པས་རྒྱ་གཞུང་དུས་སྟོན་ལ་ངོ་རྒོལ།

བོད་རང་བཙན་སློབ་ཕྲུག་ཚོཊ་པས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འགོ་བཙུཊ་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་དྲན་ལ་ངོ་རྒོལ་བྱས་ཡོད་པ།

2009.09.23

༄༅༎ཨ་མི་རི་ཀའི་གྲོང་ཁྱེར་སན་ཕ་རེན་སིས྄་ཀོ་ནང་རྟེན་གཞི་བྱེད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་གནང་བའི་འོག་དེར་ཡོད་པའི་ཚོགས་པ་དེའི་ཚོགས་མི་དང་།དེ་བཞིན་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་ཚོས་བདུན་ཕྲག་འདིའི་རེས་གཟའ་ཉི་མའི་ཉིན།གྲོང་ཁྱེར་སན་ཕ་རེན་སིས྄་ཀོ་ནང་ཡོད་པའི་ཀའོ་པེ་ལེས་ཞེས་པའི་ས་ཁུལ་དུ།རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་དྲན་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་ཡོད་པ་རེད།

དེར་ཡོད་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་དང༌།བོད་དོན་རྒྱབ་སྐྱོར་བ་ཚོས་ལག་ཏུ་འཕྲེད་དར་བསྣམས་ཏེ།བོད་ལ་རང་དབང་དགོས་ཡོད།བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་ཡོད་ཅེས་དང༌།རྒྱ་ནག་གཞུང་གིས་ལོ་ངོ་དྲུག་བཅུའི་རིང་བོད་ནང་གདུག་རྩུབ་མནར་གཅོད་བཏང་ཡོད་པ་རེད།ངོ་ཚ་ཁྲིམས་མེད་ཀྱི་རྒྱ་ནག་གཞུང་ཞེས་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ནང་ཁྲིམས་འགལ་གྱི་སྒོ་ནས་བཙན་འཛུལ་བྱས་ཏེ།མི་ལོ་དྲུག་བཅུ་འཁོར་གྱི་ཡོད་པ་དང༌།འདས་པའི་ལོ་ངོ་དྲུག་བཅུའི་རིང་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ཡོད་པར་བརྟེན།ན་ནིང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ནང་གི་བོད་མི་ཚོས།རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་རེད།དེའི་ཐད་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་ཏེ།བོད་མི་མང་པོའི་ཚེ་སྲོག་ཤོར་བ་དང༌།མང་པོ་ཞིག་ད་དུང་ཡང་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པ་རེད་ཅེས།བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དབྱངས་ཅན་ལྷ་མོ་ཞུ་བས་གསུངས་འདུག

དེ་བཞིན་ཕྱི་ཟླ་བཅུ་པའི་ཚེས་གཅིག་ནི།རྒྱ་ནག་གུང་ཁྲན་གཞུང་འགོ་བཙུགས་ཏེ་ལོ་ངོ་དྲུག་བཅུ་འཁོར་བའི་དུས་ཆེན་ཡིན་པར་བརྟེན།ཉིན་དེརཨ་རིའི་གྲོང་ཁྱེར་སན་ཕ་རན་སིས྄་ཀོའི་ནང་ཚོགས་པ་ཁག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎