དཔེ་དེབ་རེབ་གོང་ནས་བོད་ཀྱི་རྒྱལ་དར་བསྒྲེངས་པའི་སྔ་རྗེས།


2014.08.13
རེབ་གོང་ནས་བོད་ཀྱི་རྒྱལ་དར་བསྒྲེངས་པའི་སྔ་རྗེས་ཞེས་བའི་དཔེ་དེབ། རེབ་གོང་ནས་བོད་ཀྱི་རྒྱལ་དར་བསྒྲེངས་པའི་སྔ་རྗེས་ཞེས་བའི་དཔེ་དེབ།
TCHRD

བོད་ནང་བོད་མི་དཀྱུས་མ་ཚོའི་དཀའ་སྡུག་གི་གནས་ཚུལ་ངོ་མ་མཁྱེན་རྟོགས་ཡོང་རྒྱུར་དམིགས་ནས་དཔེ་དེབ་དེ་འགྲེམས་སྤེལ་གནང་འདུག
དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་བཏང་འབྱོར་བྱུང་བར། བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཉི་མ་ལགས་ཀྱི་རེབ་གོང་ནས་བོད་ཀྱི་རྒྱལ་དར་བསྒྲེངས་པའི་སྔ་རྗེས་ཞེས་བའི་དཔེ་དེབ་དེའི་ནང་རྩོམ་པ་པོས་ཞི་བའི་ལམ་ནས་སོ་སོའི་རང་དབང་རྩོད་ལེན་གནང་བར་བརྟེན་རྒྱ་གཞུང་གིས་ཁོང་འཇུ་བཟུང་བཀག་བསྐྱིལ་དང་། གཅར་རྡུང་འདྲི་རྩད་བྱས་པའི་བརྒྱུད་རིམ་དང་། རང་ཡུལ་དུ་སྡོད་ལོས་མ་བཟོད་པར་རྒྱ་གར་དུ་བྲོས་བྱོལ་ཡོང་སྐབས་ལམ་བར་མྱང་བའི་དཀའ་སྡུག། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་འོག་བོད་མི་དཀྱུས་མ་ཞིག་གིས་དཀའ་སྡུག་མྱངས་བའི་མི་ཚེ་ལོ་རྒྱུས་བྲིས་གནང་ཡོད་པ་རེད།
༡༩༥༩ནས་བཟུང་ད་ལྟའི་བར་རྒྱ་ནག་གཞུང་གིས་བོད་ཐོག་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་ཏེ་བོད་ས་ཡོངས་སུ་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་རྣམས་རྩ་གཏོར་དང་། བོད་མིའི་ཆོས་དད་དང་འགྲོ་བསྐྱོད། གཏམ་བརྗོད། འདུ་འཛོམས་རང་དབང་སོགས་ཀྱིས་མཚོན་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་རྕིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་བརྟེན་བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་ཚང་མས་སོ་སོའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩོད་ལེན་ཆེད་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ཞི་བའི་སྒོ་ནས་འཐབ་རྩོད་རིམ་པ་གནང་ཡོད། བོད་མི་དཀྱུས་མ་བསྟན་འཛིན་ཉི་མ་ལགས་ཀྱི་ཞི་བའི་འཐབ་རྩོདཀྱི་མི་ཚེའི་ལོ་རྒྱུས་དེས་ཁོང་དང་ཁོང་འདྲ་བའི་བོད་མི་དཀྱུས་མ་མང་པོ་ཞིག་གིས་རྒྱ་གཞུང་གི་དྲག་གནོན་འོག་མྱོང་བཞིན་པའི་དཀའ་སྡུག་གི་གནས་སྟངས་མཚོན་གྱི་ཡོད་སྟབས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་བོད་མི་དཀྱུས་མ་ཚོའི་དཀའ་སྡུག་གི་གནས་ཚུལ་མཁྱེན་རྟོགས་ཡོང་རྒྱུར་དམིགས་ནས་དཔེ་དེབ་དེ་འགྲེམས་སྤེལ་གནང་ཡོད་ལུགས་འགྲེལ་བརྗོད་གནང་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎