གསར་འགྱུར་ཡིག་ཚགས།
2022-05-10
ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཐེ་ཝན་དེ་བཞིན་རྒྱ་ནག་གི་ཆ་ཤས་ཡིན་པའི་བརྗོད་ཚིག་དག་བརྗེ་བསྒྱུར་གནང་བ་དེར་རྒྱ་ནག་གཞུང་མ་དགའ་བར་སྐྱོན་བརྗོད་བྱས་འདུག
2022-05-10
ཧོང་ཀོང་གི་སྤྱི་ཁྱབ་གསར་བ་བསྐོ་སྟངས་ཐད་འཛམ་གླིང་གི་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱིས་སེམས་ཚབས་ཡོད་པའི་རྣམ་འགྱུར་བསྟན་ཡོད་པར་རྒྱ་ནག་གཞུང་གིས་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་ལུགས་བཤད་འདུག
2022-05-10
བོད་ནང་གནས་སྡོད་བོད་མི་གཞོན་སྐྱེས་ཤིག་གིས་༧གོང་ས་མཆོག་ལ་སྙན་ཞུ་ཕུལ་ཏེ།བོད་ནང་འབྲོག་པ་གནས་སྤོས་དང་ཐེམ་ཐོ་བསྒྱུར་བའི་ཆ་རྐྱེན་བསྐྲུན་པ་བཅས་ལ་བརྟེན་ནས།བོད་ཡུལ་རྒྱ་རིགས་ཀྱིས་ཁེངས་པའི་ཛ་དྲག་ཉེན་ཁ་ཡོད་པས།དེ་ལ་བཀག་འགོག་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ།
2022-05-09
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ཁེ་ཎ་ཌའི་ཨོན་ཊེ་རེའོ་མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་ཁྲིད་ལགས་དཀར་པོ་ཆེ་རྣམ་གཉིས་བོད་དོན་ཆེད་མཇལ་མོལ་གནང་འདུག
2022-05-09
སྲིད་སྐྱོང་མཆོག་གི་ཁེ་ཎ་ཌའི་བོད་དོན་འཚམས་གཟིགས་ཐད་རྒྱ་ནག་གཞུང་གིས་ངོ་རྒོལ་སྐྱོན་བརྗོད་བྱས་བ་ནི་གཞི་མེད་སྐྱོན་འཛུགས་ཡིན་པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།
2022-05-09
༧གོང་ས་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཐོག་མ་དེ་རྡོ་རྗེ་གདན་གྱི་ཐུབ་དབང་གི་སྐུ་མདུན་ནས་ཕུལ་ཡོད་པ་དགེ་སློང་གི་སྡོམ་པ་འབོག་འཇོག་སྐབས་གསུངས་འདུག
2022-05-09
བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝང་ཅན་ཀྲང་ཟེར་བས་གནད་དོན་ཆེན་པོ་བདུན་བཤད་ཡོད་པ་ལས། དང་པོ་དེ་ཁ་བྲལ་བ་དང་དེ་དག་གི་སིམ་འཛུལ་ལ་ངོ་རྒོལ་དང་། དེ་བཞིན་ཏང་གི་ཆོས་ལུགས་ལས་དོན་ཁྱོན་ཡོངས་ནས་ལག་བསྟར་གྱི་ལོག་ཆོས་སྤེལ་མཁན་ཚོར་ངོ་རྒོལ་རྡུང་རྡེག་གཏོང་དགོས་སྐོར་སོགས་བཤད་འདུག
2022-05-07
Brazil ཡུལ་གྱི་སློབ་དཔོན་ཆེན་མོ་ལྕམ་ Lia Diskin ལ་Padma Shri་གཟེངས་རྟགས་དེ་ཐོབ་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲིའི་ཕྱག་བྲིས་ཤིག་བསྩལ་གནང་མཛད་ཡོད་པ།
2022-05-07
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀེ་ན་ཌའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་ཚང་མས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་ཡོད་པ་ཨ་ཤེ་ཡ་རང་དབང་འཕྲིན་ཁང་ལ་གསུངས་བྱུང་།
2022-05-06
ཨ་རི་གཞུང་གིས་བལ་ཡུལ་རྒྱལ་ཁབ་ལ་ཡར་རྒྱས་ཀྱི་ལས་དོན་ལ་དམིགས་ནས་རེས་གཟའ་ཕུར་བུའི་ཉིན་རྒྱལ་ཁབ་གཉིས་བར་ཨ་སྒོར་ས་ཡ་༦༧༩མ་དངུལ་རོགས་སྐྱོར་གནང་རྒྱུའི་གྲོས་མཐུན་ལ་མཚན་རྟགས་བཀོད་འདུག
2022-05-06
བྱམས་སྙིང་རྗེ་ནི་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ཡོད་པའི་བཟང་པོའི་ཡོན་ཏན་ཞིག་ཡིན་པ་སེང་གྷ་པུར་གྱི་ཚོགས་པ་ཞིག་ལ་མཇལ་ཁའི་སྐབས་༧གོང་ས་མཆོག་གིས་བཀའ་གནང་འདུག
2022-05-06
ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྲིད་སྐྱོང་མཆོག་ལ་བོད་དོན་ཉན་ཞིབ་རྗེས་འཐུས་མི་རྣམས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཆེད་བོད་རྒྱ་ཞི་མོལ་ཡོང་དགོས་བའི་གྲོས་ཆོད་ལ་སྤྱི་མོས་རྒྱབ་སྐྱོར་གནང་འདུག
2022-05-06
བོད་མི་ཚོ་ཕ་ཡུལ་དུ་ལོག་མི་ཐུབ་པ་དང་། ཡུན་རིང་སྒོ་བརྒྱ་བསྡམས་པས་བོད་མི་ཚོར་དངུལ་ཀྱི་ཡོངས་ཁུངས་སོགས་མེད་པས། ཕྱིར་ཕ་ཡུལ་དུ་གསང་སྟབས་ཀྱིས་ལོག་པར་ཉེན་རྟོག་པས་འཛིན་བཟུང་གིས་བཀག་ཉར་དང་ཉེས་ཆད་བཅད་པ་སོགས་བྱུང་ཡོད་འདུག
2022-05-05
སྲིད་སྐྱོང་མཆོག་དང་གཟིག་རྒྱབ་རིན་པོ་ཆེ་རྣམ་གཉིས་ཁེ་ཎ་ཌའི་གྲོས་ཚོགས་གོང་འོག་གཉིས་ཀྱི་བོད་དོན་ཉན་ཞིབ་སར་ཕེབས་ནས་བོད་དོན་གཏམ་བཤད་དང་ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་འདུག
2022-05-05
སྦེལ་ཇམ་ཡུལ་གྱི་བུད་མེད་ཞིག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཆེད་བདུན་ཕྲག་བཞི་རིང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་འདུག