ལྕམ་Lia Diskin་ལ་པདྨ་ཤྲི་གཟེངས་རྟགས་ཐོབ་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཚམས་འདྲིའི་ཕྱག་བྲིས་ཤིག་བསྩལ་གནང་མཛད་ཡོད་པ།

2022.05.07
ལྕམ་Lia Diskin་ལ་པདྨ་ཤྲི་གཟེངས་རྟགས་ཐོབ་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཚམས་འདྲིའི་ཕྱག་བྲིས་ཤིག་བསྩལ་གནང་མཛད་ཡོད་པ། Brazil ཡུལ་གྱི་སློབ་དཔོན་ཆེན་མོ་ལྕམ་ Lia Diskin ལ་Padma Shri་གཟེངས་རྟགས་དེ་ཐོབ་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲིའི་ཕྱག་བྲིས་ཤིག་བསྩལ་གནང་མཛད་ཡོད་པ།
བོད་མིའི་སྒྲིག་འཛུགས།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་Brazil ཡུལ་གྱི་སློབ་དཔོན་ཆེན་མོ་ལྕམ་ Lia Diskin ལ་སྤྱི་ཚོགས་ཞབས་ཞུའི་ཐོག་རྒྱ་གར་གཞུང་གི་ Padma Shri ཞེས་པའི་གཟེངས་རྟགས་དེ་ཐོབ་གནང་བར་བཀྲིས་བདེ་ལེགས་ཀྱི་འཚམས་འདྲིའི་ཕྱག་བྲིས་ཤིག་བསྩལ་གནང་མཛད་ཡོད་པ་རེད་འདུག ལྕམ་ Lia Diskin ལ་གོང་ཞུས་ཀྱི་རྒྱ་གར་གཞུང་གི་བྱ་དགའ་དེ་ ༢༠༢༠ ལོའི་ཕྱི་ཟླ་དང་པོའི་ནང་གནང་ཡོད་ནའང་གཟེངས་རྟགས་དེ་ཁོང་གི་ཕྱག་ལ་ཕུལ་བའི་དངོས་གཞིའི་མཛད་སྒོ་དེ་ཁ་སང་ཕྱི་ཟླ་ལྔ་པའི་ཚེས་ ༦ ཉིན་Brazil དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་དང་། ཡུལ་དེར་རྟེན་གཞི་གནང་བའི་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་ཡང་གདན་འདྲེན་ཞུས་ཡོད་པ་རེད་འདུག ལྕམ་ Lia Diskin ནི་རྩོམ་བྲིས་པ་ཞིག་དང་ Brazil དུ་རྟེན་གཞི་གནང་བའི་Associacao Palas Athena Palas ཚོགས་པ་དེ་གསར་འཛུགས་གནང་མཁན་གྲས་ཤིག་ཡིན་པ་མ་ཟད། ཁོང་ཡུལ་དེར་རྟེན་གཞི་བྱེད་པའི་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ཀྱང་ཡིན་པ་དང་། ལྷག་པར་དུ་ཁོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་ཆིབས་བསྒྱུར་ཁག་གི་འབྲེལ་མཐུད་པའི་ཕྱག་ལས་ཀྱང་གནང་ཡོད་པ་རེད་འདུག ཁོང་ལ་རྒྱལ་སྤྱིའི་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་རིག་དང་མཚན་རིག་དང་རིག་གཞུང་ལྷན་ཁང་གི་གཟེངས་རྟགས་དང་། རྒྱ་གར་གྱི་ Jamnalal Bajaj Foundation ཞེས་པ་དང་ Trip Transformadores Award ཞེས་པའི་གཟེངས་རྟགས་སོགས་ཐོབ་གནང་ཡོད་པ་རེད་འདུག ཁོང་ནི་དཔེ་དེབ་བཅུ་གྲངས་ཤིག་རྩོམ་བྲིས་གནང་མཁན་ཡིན་པ་མ་ཟད་དཔེ་དེབ་གྲངས་ལྔ་བཅུ་སྐོར་ཞིག་གི་ཐོག་རྩོམ་སྒྲིག་པའི་ཕྱག་ལས་དང་རྒྱ་གར་གྱི་ཧིན་དུའི་ཆོས་དང་ནང་ཆོས་ཐོག་སློབ་གཉེར་ཡང་གནང་མྱོང་མཁན་ཞིག་ཡིན་པ་རེད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། ཪིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎