གསར་འགྱུར་ཡིག་ཚགས།
2022-05-19
རྒྱ་ནག་གཞུང་གིས་ཆོས་ལུགས་དང་དྲ་རྒྱའི་ཁྲིམས་ལུགས་གཏན་འབེབས་བྱས་ནས་དམིགས་བསལ་བོད་ནང་ཆོས་ལུགས་དང་འབྲེལ་བའི་གནས་ཚུལ་སྤྱི་ཚོགས་དྲ་རྒྱའི་ནང་བཀོད་སྤེལ་ཆོག་གི་མེད་པ་རེད་འདུག
2022-05-19
རྒྱ་ནག་གཞུང་གིས་བྲག་མགོ་ནས་སྟོན་པའི་སྐུ་བརྙན་གཏོར་བཤིག་གཏོང་མཁན་དགོན་པའི་དགེ་འདུན་པ་ཚོ་ཡིན་པའི་ངོས་ལེན་ས་ཡིག་རྒྱག་གི་འཇུག་བཞིན་ཡོད་འདུག
2022-05-19
༸གོང་ས་མཆོག་གིས་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་རག་བསྡུས་ཤིག་གནང་སྟེ་ཨ་རི་ནི་མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་པ་བཀའ་གནང་འདུག
2022-05-18
གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བའི་དུས་ཚེས་ཁྱད་པར་ཅན་གྱི་ཉིན་ཨ་རིའི་སྲིད་འཛིན་དང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འཛམ་གླིང་གི་ནང་པ་ཡོངས་ལ་འཚམས་འདྲི་གནང་འདུག
2022-05-18
རྒྱ་ནག་གཞུང་གིས་༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་ཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྐུལ་མ་གནང་འདུག
2022-05-18
ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་རྡ་རམ་ས་ལར་ཆེད་ཕེབས་གནང་བ་དེས་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་ཐོག་ནས་བརྡ་ལན་ཤུགས་ཆེ་སྤྲད་ཡོད་པ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་གི་འདུག
2022-05-17
ད་བར་གར་སོང་ཆ་མེད་གྱུར་བའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཆེད་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གང་སར་ངོ་རྒོལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་བོད་ནང་ངེས་བར་ཕེབས་དགོས་པའི་རེ་འདུན་བཏོན་འདུག
2022-05-17
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་རྒྱ་གར་དུ་ཕེབས་ཐོན་གནང་ཡོད་པ་དང་ཕྱི་ཚེས་༡༨ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་རྒྱུ་ཡིན་པ་རེད།
2022-05-17
རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་བོད་ཀྱི་རྩ་དོན་དང་གནས་སྟངས་རྒྱུས་ལོན་ཆེད་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་ནང་འཚམས་གཟིགས་གནང་བཞིན་འདུག
2022-05-17
ཆུ་གློག་ས་ཚིགས་གསར་རྒྱག་གི་ལས་གཞི་དང་འབྲེལ་ནས་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གནས་སྤོར་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་འདུག
2022-05-16
འཕགས་པ་གནས་བརྟན་སྡེ་པའི་ལུགས་ལྟར་གྱི་ས་ག་ཟླ་བའམ་ཝེ་སཀ་དུས་ཆེན་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་སྟོན་པ་ཤཱཀྱ་ཐུབ་པ་འཁྲུངས་ས་ལུམ་བི་ནིར་འཚམས་གཟིགས་གནང་པ་དེ་ནི་རྒྱ་གར་དང་བལ་ཡུལ་བར་གྱི་ནང་ཆོས་རིག་གཞུང་གི་འབྲེལ་ལམ་ཙམ་མ་ཟད། ཆབ་སྲིད་གནས་བབས་ཐོག་ནས་ཀྱང་གནད་འགག་ཅན་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་འདུག
2022-05-16
ཁེ་ཎ་ཌའི་ནང་བོད་མི་ཁག་ཅིག་གིས་པཎ་ཆེན་རིན་པོ་ཆེ་འཕྲལ་དུ་གློད་གྲོལ་དགོས་བའི་དགོས་འདུན་བཏོན་ནས་རྒྱ་ནག་གཞུང་ཚབ་བར་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་འདུག
2022-05-16
རྒྱུན་རིང་བཙན་བྱོལ་བོད་མིར་རོགས་སྐྱོར་གནང་མཁན་ཇར་མན་གྱི་རོགས་ཚོགས་ཀྱི་སྐུ་ཚབ་ཚོ་རྡ་རམ་སཱ་ལར་འཚམས་གཟིགས་སུ་ཕེབས་པར་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ཕེབས་བསུ་ཞུས་འདུག
2022-05-16
འཕགས་པ་གནས་བརྟན་པའི་ས་ག་ཟླ་བའི་ཚེས་བཅོ་ལྔ་དང་སྐབས་བསྟུན། ༧གོང་ས་མཆོག་གིས་ཆོས་གྲོགས་ཚོས་སྟོན་པའི་གསུང་ལ་སློབ་སྦྱོང་གནང་དགོས་པའི་ལམ་སྟོན་ཕེབས་ཡོད་པ།
2022-05-15
ཨ་མི་རི་ཀའི་ནང་ཕྱོགས་ཕེབས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན། ཨ་རིའི་གྲོས་ཚོགས་འཐུས་མི་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ལ་མཇལ་འཕྲད་ཀྱིས་བོད་དོན་བཀའ་མོལ་གནང་ཡོད་པ།