༸གོང་ས་མཆོག་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་མཇལ་བཅར་དང་འབྲེལ། ཉེ་ཆར་བྱང་ཨ་མི་རི་ཀ་དང་ཡོ་རོབ་བཅས་སུ་སྲིད་སྐྱོང་གིས་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་སྐོར་སྙན་སྒྲོན་ཕུལ་པ།

2022.05.15
༸གོང་ས་མཆོག་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་མཇལ་བཅར་དང་འབྲེལ། ཉེ་ཆར་བྱང་ཨ་མི་རི་ཀ་དང་ཡོ་རོབ་བཅས་སུ་སྲིད་སྐྱོང་གིས་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་སྐོར་སྙན་སྒྲོན་ཕུལ་པ། སྤྱི་ཟླ་༥པའི་ཚེས་༡༥ཉིན་བཞུགས་སྒར་ཕོ་བྲང་དུ། ༧གོང་ས་མཆོག་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཇལ་བཅར་དང་འབྲེལ་སྙན་སེང་ཕུལ་ཡོད་པ།༧གོང་ས་མཆོག་གི་མཇལ་ཁ་གྲུབ་རྗེས་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་འགྲེལ་བརྗོད་གནང་གི་འདུག
RFA Dhasa /Dhonyoe

ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། ཡོ་རོབ་ཀྱི་འཇར་མན་རྒྱལ་ཁབ་དང་བྱང་ཨ་མི་རི་ཀའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བའི་སྐོར། སྤྱི་ཟླ་༥པའི་ཚེས་༡༥ཉིན་བཞུགས་སྒར་ཕོ་བྲང་དུ། ༧གོང་ས་མཆོག་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཇལ་བཅར་དང་འབྲེལ་སྙན་སེང་ཕུལ་ཡོད་པ།༧གོང་ས་མཆོག་གི་མཇལ་ཁ་གྲུབ་རྗེས་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་འགྲེལ་བརྗོད་གནང་གི་འདུག གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རིང་མིན་ཨ་མི་རི་ཀའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ། ལྕམ་Uzra་Zeyaལགས་བཞུགས་སྒར་དུ་འཚམས་གཟིགས་གནང་གི་ཡོད་པ་དེ། ཉི་མ་གཉིས་རིང་གི་མཛད་འཆར་ཡིན་པ་རིམ་པས་ལས་རིམ་ཁག་འབྱོར་ཡོང་གི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་༧གོང་ས་མཆོག་ལ་ཡར་སྙན་སེང་ཞུ་དགོས་པ་ཆ་ཚང་ཞུས་གནང་ཡོད་པ་དང་། ༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་གནང་བ་འགྲེལ་བརྗོད་གནང་གི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་བཀའ་ཤག་སྐབས་བཅུ་དྲུག་པའི་ཐུགས་འགན་བཞེས་པ་ནས་བཟུང་། བོད་དོན་ཆབ་སྲིད་དང་འབྲེལ་བའི་ཕྱི་རྒྱལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཐོག་མ་དེ། ཡོ་རོབ་སུད་སིའི་རྒྱལ་ཁབ་ཀྱི་ནང་སྤྱི་ལོ་༢༠༢༡ལོར་ཕྱོགས་བསྐྱོད་གནང་ཡོད་པ་དང་། སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༤ནང་གི་ཕྱི་རྒྱལ་དུ་ཕྱོགས་ཕེབས་གནང་བ་དེ་ནི། བྱང་ཨ་མི་རི་ཀ་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྤྱི་ཟླ་༤པའི་ཚེས་༢༢ཉིན། ཡོ་རོབ་འཇར་མན་གྱི་གྲོང་ཁྱེར་Frankfurtནང་ཆེད་ཕེབས་ཀྱིས།ཉམས་ཞིབ་པ་དང་བོད་རིགས་ཚོགས་པ་ཁག། གསར་འགོད་པ་སོགས་ལ་མཇལ་འཕྲད་གནང་ཡོད་པ་བཞིན། སྤྱི་ཟླ་༤པའི་ཚེས་༢༥ནས་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་ཕི་ལོ་སི་མཆོག་ནས་མགྲོན་འབོད་ལྟར། ཨ་མི་རི་ཀའི་ནང་ཕྱོགས་ཕེབས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན། ཨ་རིའི་གྲོས་ཚོགས་འཐུས་མི་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ལ་མཇལ་འཕྲད་ཀྱིས་བོད་དོན་བཀའ་མོལ་གནང་ཡོད་ཅིང་། ཁེ་ཎ་ཊའི་ནང་དུའང་ཕྱི་འབྲེལ་ཚན་པ་དང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སོགས་ལ་ཕྱོགས་བསྐྱོད་མཇལ་མོལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎