གསར་འགྱུར་ཡིག་ཚགས།
2012-11-10
རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ནང་བོད་ནང་སྔར་ལས་དམ་དྲག་ཆེ་རུ་བཏང་བ་བརྗོད་འདུག
2012-11-10
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གྲོས་ཚོགས་ནང་གདན་ཞུས་ཀྱིས་བཀའ་སློབ་བསྩལ་རྒྱུ་ཡིན་པའི་གནས་ཚུལ།
2012-11-09
དེ་རིང་ཨ་མདོ་རེབ་གོང་ནས་སློབ་མ་སྟོང་ཕྲག་ལྔ་དྲུག་ལྷག་མཉམ་འཛོམས་ཀྱིས་མི་རིགས་འདྲ་མཉམ་དགོས། བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས་ཞེས་སྐད་འབོད་གནང་འདུག
2012-11-09
ཚོགས་ཆེན་༡༨དང་བསྟུན། སྐལ་བཟང་སྦྱིན་པ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་ཐོན་པའི་རྗེས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་དུ་སྔར་བས་དམ་བསྒྲགས་ཆེ་རུ་བཏང་ཡོད་པ་རེད།
2012-11-09
བོད་ནང་དུ་ཞི་བདེ་སྐྲུན་ཐབས་ཀྱི་ཆེད་དུ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་། ཨ་རི་གཉིས་ཀྱིས་རྒྱ་ནག་གཞུང་ལ་ནུས་པ་ལྡན་པའི་གནོན་ཤུགས་སྤྲོད་དགོས་ཞེས་པའི་བརྗོད་གཞི་བྱས་ཏེ་དཔྱད་རྩོམ་ཞིག་སྤེལ་བཞག
2012-11-09
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བོད་པའི་སློབ་གྲྭའི་ནང་ཉལ་ཐའི་དུག་རྫས་རིགས་སྔོན་འགོག་བྱེད་ཐབས་དང་སྨན་བཅོས་ཀྱི་ཐབས་ལམ་སྐོར་ལ་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པ་རེད།
2012-11-08
རང་ལོ་བཅོ་བརྒྱད་ཙམ་ཡིན་པའི་གཞོན་སྐྱེས་སྦྱིན་པ་རྒྱ་མཚོ་ལགས་ནས། རེབ་གོང་རོང་པོ་དགོན་པའི་སྒྲོལ་མ་ཐང་ཆེན་དུ། རང་ལུས་མེར་བསྲེགས་བཏང་བའི་རྗེས་སུ་དེ་མ་ཐག་འདས་གྲོང་གྱུར་འདུག
2012-11-08
ཉི་མ་གཉིས་ནང་བོད་མི་དྲུག་གིས་བོད་དོན་ཆེད་རང་སྲེག་བཏང་བའི་གནས་ཚུལ་བྱུང་བར་བརྟེན། བཞུགས་སྒར་རྡ་རམ་ས་ལར་བོད་མི་བརྒྱ་ཕྲག་མང་པོས་མྱ་ངན་གསོལ་འདེབས་དང་ངོ་རྒོལ་གྱི་འདུ་འཛོམས་ཤིག་གནང་འདུག
2012-11-08
རྒྱ་ནག་གི་འགོ་ཁྲིད་འཕོ་བསྒྱུར་གཏོང་རྒྱུའི་ཚོགས་ཆེན་༡༨པ་དེ་ཚོགས་བཞིན་པའི་སྐབས་འདིར། རྒྱ་ནག་གི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་གྱི་ངོ་རྒོལ་བྱེད་མཁན་ཚོར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག
2012-11-08
དེ་རིང་ཕྱི་ཚེས་༨ཉིན་རྒྱ་ནག་གུང་ཁྲན་ཏང་གི་ཚོགས་ཆེན་༡༨པ་དངོས་སུ་འགོ་འཛུགས་བྱས་འདུག་པ་དང་། ཚོགས་ཆེན་འདི་བཞིན་ཕྱི་ཚེས་༨ནས་༡༤བར་ཚོགས་རྒྱུ་ཡིན་པ་རེད།
2012-11-07
དེ་རིང་ཚེས་༧ཉིན་བོད་མདོ་སྨད་རེབ་གོང་དང་། རྔ་བ། ནག་ཆུ་འབྲི་རུ་བཅས་ནས་སྔ་ཕྱིར་བསྡོམས་པས་བོད་མི་ལྔས་བོད་དོན་ཆེད་རང་ལུས་མེ་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག
2012-11-07
ད་ལོར་མདོ་སྨད་གཙོད་ནས་རང་ལུས་མེར་བསྲེག་གཏོང་མཁན་སྒྲོལ་དཀར་མཚོ་ཡི་བཟའ་ཟླ་ཀན་སུའུ་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་མི་སྣས་གསང་བའི་ཐོག་འཛིན་བཟུང་བྱས་འདུག
2012-11-07
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་སྐུ་ཞབས་བོ་རག་ཨའོ་བ་མ་བསྐྱར་དུ་ཨ་རིའི་སྲིད་འཛིན་ལ་འོས་འདེམས་བྱུང་བར་འཚམས་འདྲི་བཀྲིས་བདེ་ལེགས་ཞུས་གནང་འདུག
2012-11-07
བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཆེད་དུ་རྒྱ་ནག་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ལ་འབོད་སྐུལ་དོན་ཚན་བཞི་ཅན་ཞིག་ཕུལ་ཡོད་གསར་འགོད་གསལ་བསྒྲགས་སྤེལ་ཡོད།
2012-11-07
སྲིད་སྐྱོང་མཆོག་གིས་ཨ་རིའི་སྲིད་འཛིན་ལ་འཚམས་འདྲི་གནང་བ་དང་འབྲེལ། ཁོང་གི་འཛིན་སྐྱོང་ནས་བོད་ཀྱི་མ་འོངས་བ་བཟང་པོ་དང་། ཡག་པོ་ཡོང་ཐབས་སུ་དགོངས་བཞེས་གནང་སྐྱོང་ཡོང་བའི་རེ་སྐུལ་གནང་འདུག