ལིའུ་ཤའོ་ཕུའུ་ལ་བཙན་བྱོལ་བོད་གཞུང་གིས་འཚམས་འདྲི།

རྒྱ་རིགས་ལིའུ་ཤའོ་ཕུའུ་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་ནས་བཀྲིས་བདེ་ལེགས་ཀྱི་འཚམས་འདྲིའི་གསལ་བསྒྲགས་ཤིག་སྤེལ་གནང་བ།

2010.10.08

༄༅༎དེ་རིང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ཕྱི་ལོ་ཉིསསྟོང་བཅུ་ལོའི་ནོར་ཝེ་ཞི་བདེའི་གཟེངས་རྟགས་དེ་བཞིན་རྒྱ་ནག་གཞུང་ཕྱོགས་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་རྒྱ་ནག་གཞུང་གིས་བཙོན་འཇུག་བྱེད་བཞིན་པའི་རྩོམ་པ་པོ་ལིའུ་ཤའོཕུའུ་ལ་ཐོབ་ཡོད་པར་བཙན་བྱོལ་བོད་གཞུང་བཀའ་ཤག་ནས་བཀྲིས་བདེ་ལེགས་ཀྱི་འཚམས་འདྲིའི་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་འཁོད་འདུག

བཀའ་ཤག་གི་འཚམས་འདྲིའི་གསལ་བསྒྲགས་དེའི་ནང་ ད་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ལིའུའོ་ཕུའུ་ཐོབ་པར་བཙན་བྱོལ་བོད་གཞུང་བཀའ་ཤག་ངོས་ནས་ལིའུ་འོ་ཕུའུ་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་མ་ཟད་ད་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་རྒྱ་མི་རིགས་ཤིག་ལ་ཐོབ་པ་དེར་རྒྱ་ནག་ཁྱོན་ཡོངས་ཀྱིས་དགའ་བ་དང་སྤོབས་པ་བྱེད་དགོས་ཡས་ཤིག་ཡིན་པ་འཁོད་ཡོད་ཅིང་ གསལ་བསྒྲགས་དེའི་ནང་ད་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་སྐུ་ཞབས་ལིའུ་འོ་ཕུའུ་ལ་ཐོབ་པ་དེའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐུ་ཞབས་ལིའུ་འོ་ཕུའུ་ཡིས་རྒྱ་ནག་ནང་རང་དབང་དང་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་ཡོངས་ཐབས་སུ་འབད་བརྩོན་གནང་བར་གདེང་འཇོག་གནང་བ་ཞིག་མཚོན་ཐུབ་རྒྱུ་ཡིན་པ་མ་ཟད་ ཁོང་གིས་ཉིས་སྟོང་བརྒྱད་ལོར་བཏོན་གནང་བའི་ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཞེས་པའི་རྒྱ་ནག་ནང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐོང་སྤྲོད་རྒྱུའི་འབོད་སྐུལ་ཡོངས་བསྒྲགས་གནང་བའི་འགྲན་ཟླ་བྲལ་བའི་སྙིང་སྟོབས་ལ་ཆེ་བསྟོད་གནང་བ་ཞིག་ཡིན་པ་རེད་ཅེས་དང་ སྐུ་ཞབས་ལིའུ་འོ་ཕུའུ་ཡིས་བོད་ཀྱི་གནད་དོན་སེལ་རྒྱུར་ལམ་དབུ་མའི་ཐབས་ལམ་དེར་ཡང་རྒྱབ་སྐྱོར་གནང་གི་ཡོད་པ་དང་ སྐུ་ཞབས་ལིའུ་འ་ཕུའུ་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༠ཉིན་དངོས་སུ་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་འབུལ་བཞེས་མཛད་རྒྱུར་ཕེབས་ཐུབ་རྒྱུར་ང་ཚོ་བོད་མི་ཚོས་གསོལ་བ་སྨོན་ལམ་འདེབས་རྒྱུ་ཡིན་ཞེས་འཁོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎