ཤྲི་ལངྐའི་ནང་རྡོ་སྣུམ་གྱི་གཏེར་ཁ་ཐོག་དེ་བརྙེད་པ།
2011.10.02
༄༅༎རེས་གཟའ་ཉི་མའི་ཉིན་ཤྲི་ལངྐའི་སྲིད་འཛིན་མ་ཧིནྡ་ར་ཇ་པཀྶེ་མཆོག་གིས་ཡུལ་དབུས་ཀྱི་གྲོང་ཁྱེར་ཀནྜེ་ནང་ས་གནས་ཀྱི་འོས་བསྡུའི་འདུ་འཛོམས་ཤིག་གི་སར་གསུངས་བཤད་གནང་སྐབས་ ནུབ་ཕྱོགས་ མ་ཎར་མཚོ་ཁར་རྡོ་སྣུམ་གྱི་གཏེར་ཁ་ཐོག་མ་དེ་བརྙེད་ཡོད་ལུགས་གསུངས་ཡོད་ལུགས་ཨེ་ཨེཕྤི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག ས་ཁུལ་དེར་ཨིན་ཇིའི་རྡོ་སྣུམ་ཁེ་གཉེར་ལས་ཁང་ཁེརིན་ཞེས་པའི་ཚན་པོ་ཞིག་གིས་ལོ་མང་གོང་ནས་རྡོ་སྣུམ་འཚོལ་ཞིབ་ཀྱི་ལས་དོན་འགོ་འཛུགས་བྱས་པའི་འབྲས་བུ་ཡིན་ལུགས་ཙམ་ལས་ཞིབ་ཁྲའི་གནས་ཚུལ་གང་ཡང་མི་འདུག། རྡོ་སྣུམ་ལས་ཁང་དེས་འདས་པའི་ལོ་གསུམ་རི་ཉམས་ཞིབ་ཆེད་ཨ་རིའི་ཌོ་རལ་ས་ཡ་བརྒྱ་ཐམ་བཏང་ཡོད་པ་དང་། ད་ཆ་རྡོ་སྣུམ་གྱི་ཁྲོན་པ་གསུམ་བཟོ་རྩིས་ཡོད་འདུག། གནས་ཚུལ་ནང་ཐོན་པར་གཞིག་ན་ ས་ཁུལ་དེར་རྡོ་སྣུམ་གྱི་རྩད་གཙོད་ཐོག་མར་ཕྱི་ལོ་༡༩༧༠ནས་བྱས་ཡོད་ཀྱང་ད་བར་འབྲས་བུ་ཐོན་མེད་པ་རེད།།