ཤྲི་ལང་ཀའི་སྲིད་འཛིན་སླར་ཡང་འོས་འདེམས་བྱུང་ཡོད་པ།

ཤྲི་ལང་ཀའི་སྲིད་འཛིན་གྱིས་ལས་ཡུན་གཉིས་པའི་དམ་འབུལ་གནང་བ་དང་སྦྲགས་དཔལ་འབྱོར་འཕེལ་རྒྱས་ཤིན་ཏུ་མྱུར་པོ་གཏང་རྒྱུའི་ཁས་ལེན།

2010.11.19

༄༅༎ཤྲི་ལང་ཀའི་ད་ཡོད་སྲིད་འཛིན་མ་ཧིན་རྡ་ར་ཇ་པཀ་སེ་སླར་ཡང་སྲིད་འཛིན་དུ་འོས་འདེམས་བྱུང་བར་བརྟེན་ལས་ཡུན་གཉིས་པའི་དམ་འབུལ་གནང་བ་དང་སྦྲགས་དཔལ་འབྱོར་འཕེལ་རྒྱས་ཤིན་ཏུ་མྱུར་པོ་གཏང་རྒྱུའི་ཁས་ལེན་གནང་འདུག

ངོས་ཀྱིས་སྲིད་འཛིན་ལས་གནས་ཀྱི་ལས་ཡུན་དང་པོའི་རིང་འཇིགས་སྐུལ་དྲག་སྤྱོད་པ་རྩ་མེད་བཏང་སྟེ་རང་ཡུལ་སིལ་བུར་མ་གྱར་བར་ཆིག་བསྒྲིལ་བསྲ་བརྟན་བཟོས་པའི་གྲུབ་འབྲས་ཐོན་ཡོད་ཅེས་དང་།   འབྱུང་འགྱུར་གྱི་ལས་ཡུན་གཉིས་པའི་རིང་དེ་སྔ་བྱུང་མྱོང་མེད་པའི་ཤིན་ཏུ་མྱུར་བའི་དཔལ་འབྱོར་འཕེལ་རྒྱས་གཏོང་འཆར་ཡོད་ཅེས་གསལ་བསྒྲགས་གནང་འདུག    ངས་ཤྲི་ལང་ཀའི་ཡུལ་གྱི་མང་འོངས་སོན་རྩ་གཞོན་ནུ་ཚོར་ཡིད་ཆེས་བློས་འགེལ་བྱེད་ཀྱི་ཡོད་ཅིང་། ང་ཚོའི་ཡུལ་དེ་ཨེ་ཤ་ཡའི་ནང་ངོ་མཚར་ཆེ་བའི་ཡུལ་ཞིག་ཏུ་འགྱུར་ཐུབ་ཅེས་སོགས་གཏམ་བཤད་གནང་འདུག

འོན་ཀྱང་སྲིད་འཛིན་དམ་འབུལ་གྱི་མཛད་སྒོར་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་རྣམས་ལྷན་བཞུགས་གནང་མེད་པ་མ་ཟད། དམག་སྤྱི་ཟུར་པ་དང་ཕྱོགས་འགལ་ཚོགས་པའི་སྲིད་འཛིན་འོས་མི་ཟུར་པ་སེ་རཐ་ཕོན་སེ་ཀ་ལ་དྲག་པོའི་སྒྲིག་འཛུགས་ཀྱི་ཁྲིམས་ཁང་ནས་ལྐོག་ཟ་བྱས་པའི་ཉེས་འཛུགས་འོག་ཟླ་གྲངས་སུམ་ཅུའི་རིང་བཙོན་འཇུག་བྱས་ཡོད་པ་རེད། ཡང་ད་ཡོད་སྲིད་འཛིན་མ་ཧིན་རྡ་ར་ཇ་པཀ་སེ་ཡིས་སྲིད་འཛིན་ལས་ཡུན་གཏུད་མར་སྐབས་གཉིས་ལྷག་བྱེད་མི་ཆོག་པའི་རྩ་ཁྲིམས་ལ་བསྐྱར་བཅོས་གཞུང་འབྲེལ་གྲོས་འཆར་བཏོན་ནས་གྲོས་ཆོད་འཇོག་ཐུབ་ཡོད་པ་ལྟར་སྲིད་འཛིན་འོས་མིར་སླར་ཡང་ཞུགས་ཆོག་གི་ཡོད་པ་རེད།   

འདས་པའི་ལོ་ཤས་རིང་ཡུལ་ནང་དམག་འཁྲུག་བྱུང་བའི་དབང་གིས་རྒྱལ་ཡོངས་ཕྱོགས་བསྡོམས་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་༣་དང་ཕྱེད་ཙམ་ལས་བྱུང་མེད་ཀྱང་འདི་ལོ་བརྒྱ་ཆ་༨་ཙམ་ཡོང་བའི་མངོན་དཔག་གནང་གི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎