བོད་ནས་དམིགས་བསལ་ཚོགས་ཆེན་ལ་དགོངས་འཆར།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དེའི་སྐབས་བོད་ནང་གི་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ ༣༦༤ འི་བསམ་ཚུལ་བསྡུ་ལེན་གནང་བ་ཕུལ་འདུག

2012.09.27

༄༅།    །བོད་ནས་འབྱོར་བའི་བསམ་ཚུལ་དེ་དག་གི་ནང་།  བོད་ནང་གི་བོད་མིའི་འབོད་སྒྲ་ནི་བོད་ལ་རང་དབང་དགོས་པ་དང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་ཐུབ་པ་དགོས་པ། སླད་ཕྱིན་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་དང་འགལ་བའི་བྱ་སྤྱོད་རིགས་མི་འབྱུང་རྒྱུར་ཡིད་གཟབ་དགོས་པ་སོགས་འཁོད་ཡོད་འདུག
བོད་ནང་གི་བོད་མིའི་བསམ་ཚུལ་འདི་དག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའིོ་ཚོགས་ཟུར་ངག་དབང་འོད་འབར་ལགས་དང༌། རྣམ་རྒྱལ་གྲྭ་ཚང་གི་དྲུང་ཆེ་ཐུབ་བསྟན་ཡར་འཕེལ་ལགས་གཉིས་ཀྱི་མཚན་ཐོག་ནས་འདོན་སྤེལ་གནང་ཞིང༌།  བསམ་ཚུལ་འདི་དག་བོད་ནང་གི་དགོན་སྡེ་ཁག་གི་གྲྭ་བཙུན་དང༌། བོད་རིགས་ལས་བྱེད་པ། དགེ་རྒན། སློབ་ཕྲུག ཚོང་པ། ཞིང་འབྲོག་མི་དམངས་སོགས་ཁྱོན་བསྡོམས་མི་གྲངས་ ༣༦༤ འི་བསམ་ཚུལ་ཡིན་པ་བཀོད་འདུག།

ཡང་བོད་ནང་གི་བསམ་ཚུལ་བསྡུ་རུབ་བྱུང་བ་དེའི་ནང༌། བོད་ནང་གི་བོད་མི་ཚོས་བོད་མི་རིགས་ཀྱི་སྐད་ཡིག་དང་།    ཆོས་དང་རིག་གཞུང༌། ཡུལ་གོམས་གཤིས་ལུགས་སོགས་ལ་བདག་འཛིན་གང་ཐུབ་བྱེད་བཞིན་པ་ལྟར། ཕྱི་ཕྱོགས་སུ་གནས་པའི་བོད་མི་ཚོས་ཀྱང་དེ་ལྟར་བྱེད་དགོས་པའི་འབོད་སྐུལ་བྱས་ཤིང༌། ལྷག་པར་དུ་བོད་ནང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་དེས་བོད་མའི་འཚོ་ཐབས་ལ་དཀའ་ངལ་བཟོ་བཞིན་པ་དང༌། བོད་མི་ཚོར་སྡུག་རྩུབ་ཆེན་པོ་གཏོང་བཞིན་པའི་ཛ་དྲག་གི་གནས་ཚུལ་ཁག་དུས་ཐོག་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དྲིལ་བསྒྲགས་བྱེད་དགོས་པའི་དགོས་འདུན་ཁག་གཅིག་ཀྱང་བཏོན་འདུག་ལ། སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལ་བོད་ནང་གི་བོད་མི་ཚོས་ཡིད་ཆེས་ཆེན་པོ་བྱེད་བཞིན་པ་ལྟར།    ཕྱི་ཕྱོགས་ནས་ཀྱང་དེ་ལྟར་ཞུས་སྟེ།    མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་སོགས་བཀོད་འདུག།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎