ཨ་རིའི་སྲིད་འཛིན་དང་༸གོང་ས་མཆོག་མཇལ་རྒྱུའི་གསལ་བཤད།

༸གོང་ས་མཆོག་དང་ཨ་མི་རི་ཀའི་སྲིད་འཛིན་དབར་མཇལ་འཕྲད་གནང་རྒྱུ་ཕྱིར་འགྱངས་གནང་བའི་གནས་ཚུལ་ཐོག་གསལ་བཤད།

2009.10.07

༄༅༎ཉེ་ལམ་ལྦ་ཤིང་ཀྲོན་ཉིན་རེའི་གསར་ཤོག་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་མི་རི་ཀའི་སྲིད་འཛིན་རྣམ་གཉིས་དབར་མཇལ་འཕྲད་གནང་རྒྱུ་ཕྱིར་འགྱངས་གནང་ཡོད་པ་རེད་ཅེས་བཀོད་པའི་གནས་ཚུལ་དེའི་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་ནས་དེ་རིང་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གསལ་བཤད་གནང་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་ནས་དེ་རིང་ལྦ་ཤིང་ཀྲོན་ཕོ་ཉ་ཞེས་པའི་ལྦ་ཤིང་ཀྲོན་ཉིན་རེའི་གསར་ཤོག་རྩོམ་བྲིས་པར་ཕྱག་བྲིས་ཤིག་ཕུལ་གནང་བའི་འགོ་བརྗོད་དུ་ཕྱི་ཟླ་བཅུ་པའི་ཚེས་ལྔའི་ཉིན་ལྦ་ཤིང་ཀྲོན་ཉིན་རེའི་གསར་ཤོག་ཐོག་ཨ་རིའི་སྲིད་འཛིན་ཨོ་སྦ་མ་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་རྣམ་གཉིས་མཇལ་འཕྲད་ཕྱིར་འགྱངས་གནང་བ་ཞེས་བཀོད་ཡོད་པ་ལས་གནས་ཚུལ་དེའི་ནང་བདུན་ཕྲག་འདིའི་ནང་ཨ་མི་རི་ཀའི་སྲིད་འཛིན་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་རྒྱུ་མིན་པ་ལས་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་ནག་ཏུ་འཚམས་འདྲིའི་གཟིགས་སྐོར་གྲུབ་པའི་རྗེས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པའི་གནས་ཚུལ་སོགས་ཁ་གསལ་གང་ཡང་བཀོད་གནང་མི་འདུག་ཅེས་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་གསུངས་འདུག དེ་བཞིན་ཡང་གོང་ཞུས་གསར་ཤོག་ནང་ཟླ་བ་སྔོན་མ་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གི་སློབ་སྟོན་པ་བགྲེས་པ་ལྦེ་ལེ་རི་ཇེ་རེཏ་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་སྟེ་ཕན་ཚུན་དབར་བཀའ་མོལ་བྱུང་བའི་གནས་ཚུལ་དང་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གི་སྲིད་གཞུང་ནས་བོད་ཐོག་འཛིན་པའི་སྲིད་ཇུས་ཀྱི་ཐོག་གཟིགས་ཕྱོགས་སྐོར་དང་དེ་ག་ནང་བཞིན་ཨ་མི་རི་ཀ་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་བའི་གནས་སྟངས་དེ་གལ་འགངས་ཆེན་པོ་ཞིག་ཡིན་པའི་སྐོར་བཀའ་གནང་བ་སོགས་ཀྱི་གནས་ཚུལ་གང་ཡང་བཀོད་མེད་པ་རེད་ཅེས་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་བྲིས་གནང་བའི་ཕྱག་བྲིས་དེའི་ནང་གནས་ཚུལ་དེ་ལྟར་བཀོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎