ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ནས་བོད་ཀྱི་གནད་དོན་གླེང་བ།

ཡོ་རོབ་ཀྱི་ཡུལ་གྲུ་སེ་པེན་ནང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་གྲོས་མོལ་གནང་བ།

2010.06.30

༄༅༎ཕྱི་ཚེས་༢༩ཉིན་སེ་པེན་གྱི་རྒྱལ་ས་མ་ཌི་རིདྲ་ནང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་གྲོས་མོལ་གནང་ཡོད་པ་དང་ གྲོས་མོལ་གནང་བའི་རྒྱུད་རིམ་ནང་གཙོ་བོ་བོད་དང་རྒྱ་མིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་གནད་དོན་གླེང་གནང་ཡོད་པ་དང་ གནད་དོན་དེ་གཉིས་ཀྱི་ཐོག་་ཕྱོགས་གཉིས་དབར་བསམ་ཚུལ་མི་མཐུན་པའི་གནད་དོན་མང་པོ་ཞིག་བྱུང་ཡོད་པའི་སྐོར་སེ་པན་ཕྱི་སྲིད་ལས་ཁང་གིས་གསལ་བསྒྲགས་སྤེལ་གནང་ཡོད་པ་རེད་

གསལ་བསྒྲགས་དེའི་ནང་ཕྱོགས་གཉིས་དབར་གནད་དོན་མང་པོའི་ཐོག་རང་སོ་སོའི་བསམ་ཚུལ་ལྷུག་པོར་གླེང་ཡོད་པ་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ འགྲོ་བ་མིའི་ཐོབ་ཐང་གནད་དོན་དང་འབྲེལ་བའི་མི་སྒེར་ཁག་ཅིག་གི་གྱོད་དོན་མིང་གཞུང་ཞིག་རྒྱ་ནག་ཕྱོགས་སུ་བཏོན་ཡོད་པ་རེད་ ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་༡༩༩༥ལོ་ནས་བཟུང་ལོ་གཅིག་ནང་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་གྲོས་མོལ་ཐེངས་གཉིས་གནང་གི་ཡོད་པ་དང་ ད་ལོ་སེ་པེན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འགན་འཛིན་ཡུལ་གྲུ་ཡིན་པའི་ཆ་ནས་ ད་རེས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་གི་གྲོས་མོལ་བསྐོངས་ཚོགས་གནང་ཡུལ་དེ་ཆགས་ཡོད་པ་རེད་ སེ་པེན་ཕྱི་སྲིད་ལས་ཁང་གིས་མི་སྒེར་གྱི་གྱོད་དོན་མིང་གཞུང་དེའི་ནང་སུ་མིང་དོན་གནང་མིན་ཁ་གསལ་ཕྱིར་བསྒྲགས་གནང་མེད་ཀྱང་  གྲོས་མོལ་གནང་བའི་སྐབས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་ནས་  རྒྱ་ནག་ནང་དྲ་རྒྱའི་རང་དབང་དང་ དེ་བཞིན་པེ་ཅིན་གཞུང་གིས་ས་རྟགས་བཀོད་པའི་སྤྱི་འབངས་ཀྱི་ཐོབ་ཐང་དང་ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་ཆིངས་ཡིག་སྐོར་བཏོན་གནང་བ་གསུང་འདུག

འགྲོ་བ་མིའི་ཐོབཐང་ཚོགས་པ་ཁག་གིས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་གྲོས་མོལ་ཐེངས་མང་གནང་ཡོད་ཀྱང་དོན་འབྲས་གང་ཡང་སོན་མེད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་ ཕྱོགས་མཚུངས་ད་རེས་ཕྱོགས་གཉིས་དབར་འགྲོ་བ་མིའི་ཐོབཐང་གི་གྲོས་མོལ་གནང་བའི་སྐབས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ནས་རྒྱ་ནག་གཞུང་གིས་རང་ཉིད་དང་ལྟ་སྤྱོད་མི་མཐུན་པ་བཙོན་འཇུག་བྱེད་བཞིན་པ་ཚོ་གློད་བཀྲོལ་དགོས་པ་དང་ དེ་བཞིན་རྒྱ་ནག་ནང་སྤྱི་འབངས་ལ་རང་ཉིད་ཀྱི་བསམ་བརྗོད་གླེང་རྒྱུའི་ཐོབ་ཐང་དགོས་པ་མ་ཟད་ རང་སྣང་གང་དྲན་གྱིས་མི་སེར་བཀག་ཉར་དང་དོ་དམ་བྱ་རྒྱུ་མཚམས་འཇོག་དགོས་པའི་གནད་དོན་རྒྱ་ནག་ཕྱོགས་སུ་བཏོན་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎