ལྷོ་ཀོརིཡ་ནང་གཏོར་རྒོལ་བྱས་མཁན་རྒྱ་མི་ཕྱིར་ལོག་བྱ་རྒྱུ་ཡིན་པ།

ཉེ་ཆར་ལྷོ་ཀོ་རིཡ་ནང་དཔལ་འབར་འབྱོར་སྐབས་ངོ་རྒོལ་བྱས་མཁན་ཐོག་གཏོར་རྒོལ་བཏང་མཁན་རྒྱ་མི་རིཊ་རྣམས་ཕྱིར་ལོག་བྱ་རྒྱུ་ཡིན་འདུག

2008.04.30

༄༅༎ཉེ་ཆར་ལྷོ་ཀོ་རིཡ་ཡི་རྒྱལ་ས་ སི་ཨོལ ་ནང་རྒྱ་ནག་ནང་ཚུཊ་རྒྱུའི་ཨོ་ལིམ་པིཀ་རྩེད་འགྲན་གྱི་དཔལ་འབར་འབྱོར་སྐབས་ངོ་རྒོལ་བྱས་མཁན་ཐོག་གཏོར་རྒོལ་བཏང་བའི་ལེ་ཁག་ཡོད་མཁན་རྒྱ་མི་རིགས་ཚོ་རང་ཡུལ་ལ་ཕྱིར་ལོག་གཏང་རྒྱུ་ཡིན་སྐོར་ལྷོ་ཀོ་རིཡ་ཡི་ཁྲིམས་དོན་ལྷན་ཁང་གིས་ད་རིང་གསུངས་འདུག

ལྷོ་ཀོ་རིཡ་ཡི་ཉན་རྟོག་པ་ཚོས་རེས་གཟའ་ཉི་མའི་རྩེད་འགྲེན་གྱི་དཔལ་འབར་སྐོར་བསྐྱོད་སྐབས་དྲག་ཟིང་བསླངས་བའི་བརྙན་པར་ལ་རྟོག་ཞིབ་གནང་བའི་ནང་ར་འཕྲོད་བྱུང་བའི་རྒྱ་མི་རིགས་བཞི་རྩད་གཅོད་གནང་བཞིན་ཡོད་འདུག ཡུལ་དེའི་ཁྲིམས་དོན་ལྷན་ཁང་གི་མགྲིན་ཚབ་པ་ ཀིམ་ཧེ་ཝུང་ ཡིས་འབྲེལ་ཡོད་འཛིན་སྐྱོང་དཔོན་རིགས་ཚོས་དྲག་ཟིང་གི་བྱ་སྤྱོད་སྤེལ་བའི་ནང་ལེ་ཁག་ཡོད་མཁན་ཚོ་རྩད་གཅོད་གནང་སྟེ། རྒྱལ་ཁབ་སུ་ཞིག་གི་མི་སེར་ཡིན་མིན་ལ་མ་ལྟོས་པར་ཁྲིམས་ཐོག་ནས་ཞིབ་དཔྱོད་ནན་པོ་གནང་རྒྱུ་ཡིན་པ་དང༌། ཁྲིམས་དོན་ལྷན་ཁང་གིས་ལྷོ་ཀོ་རིཡ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལ་གུས་བརྩི་ཆེན་པོ་ཞུ་བའི་ཐོག་ནས། ཁྲིམས་འགལ་གྱི་བྱ་སྤྱོད་མཁན་རྒྱ་མི་རིགས་དེ་ཚོར་ཉེས་ཆད་ཡེམ་པོར་མ་སོང་བ་གཏང་གནང་རྒྱུ་ཡིན་སྐོར་འགྲྲེལ་བརྗོད་དང་འབྲེལ། ཁྲིམས་ཐོག་ནས་ཁོང་ཚོ་རང་ཡུལ་ཕྱིར་ལོག་གཏང་རྒྱུའི་ཁྲིམས་གཅོད་བྱ་རྒྱུ་སོགས་ཉེས་ཆད་ཚ་ནན་གཏང་གནང་རྒྱུ་ཡིན་སྐོར་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎