ནད་ཡམས་ཁྱབ་གདལ་སྐབས་རྒྱ་ནག་གཞུང་གིས་རྒྱ་བསྐྱེད་རིང་ལུགས་ཀྱི་ལས་དོན་སྤེལ་བཞིན་འདུག


2020.04.27
ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ། ༢༠༡༥།༥།༢༠ ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ། ༢༠༡༥།༥།༢༠
US NAVY

རྒྱ་ནག་གཞུང་གིས་ནད་ཡམས་ཁྱབ་གདལ་གྱི་གོ་སྐབས་བཟུང་ནས་ལྷོ་རྒྱ་ནག་རྒྱ་མཚོ་དང་རྒྱ་གར་རྒྱ་མཚོའི་ནང་རྒྱ་བསྐྱེད་རིང་ལུགས་ཀྱི་ལས་དོན་སྤེལ་བཞིན་འདུག
རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འཛམ་གླིང་ནང་ཁྱབ་གདལ་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་རྒྱ་གར་རྒྱ་མཚོའི་ནང་རྒྱ་བསྐྱེད་རིང་ལུགས་ཀྱི་ལས་དོན་སྤེལ་བཞིན་པ་དེར། རྒྱ་གར་དང་ཨ་མི་རི་ཀ་གཉིས་ལ་སེམས་ཁྲལ་བསླང་ཡོད་འདུག
དེང་སྐབས་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འཛམ་གླིང་ནང་ཁྱབ་གདལ་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་། རྒྱ་གར་རྒྱ་མཚོ་གཉིས་ཀའི་ནང་རྒྱ་བསྐྱེད་རིང་ལུགས་ཀྱི་ལས་དོན་སྤེལ་བཞིན་པའི་རྐྱེན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཆུང་ཚགས་ཁག་ཙམ་མ་ཟད། རྒྱ་གར་དང་ཨ་མི་རི་ཀར་ཡང་སེམས་འཚབ་བསླང་ཡོད་འདུག
འདི་ཚེས་༢༦་གཟའ་ཉི་མའི་ཉིན། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ས་ཆའམ་རྒྱ་མཚོའི་ནང་གི་ས་གནས་ཁག་མི་འདྲ་བ་༨༠་ཙམ་ལ་མིང་གསར་པ་བཏགས་ཡོད་ཅིང་། དེའི་ཁོངས་ནས་ས་གནས་༢༥་ནི་གླིང་ཕྲན་ཡིན་པ་དང་། ས་གནས་གཞན་༥༥་ནི་རྒྱ་མཚོའི་ནང་གི་ས་ཆ་ཁག་ཡིན་སྟབས། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཆ་ཤས་ཐོག་རང་གི་བདག་དབང་ཡོད་ཚུལ་བརྟན་པོ་བཟོ་ཐབས་བྱེད་མུས་སུ་ཡོད་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་རེད།
རྒྱ་ནག་གཞུང་གིས་མིང་གསར་པ་བཏགས་པའི་གླིང་ཕྲན་དེ་དག་ནང་(Sanzhizai)་ཞེས་པའི་གླིང་ཕྲན་ཡང་ཚུད་ཡོད་པ་དང་། དེ་ནི་རྒྱ་ནག་གི་ལྷོ་ཕྱོགས་(Hainan)་ཞིང་ཆེན་ནང་གི་(Yongxing)་གླིང་ཕྲན་ནང་གི་(Sansa)་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཡོད་འདུག
ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་གོ་སྐབས་དང་བསྟུན། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོ་སོགས་ནང་ཕུགས་རྒྱང་རིང་པོའི་ཐབས་ཇུས་ཀྱི་དམིགས་ཡུལ་ཁག་སྒྲུབ་རྒྱུ་མཚམས་འཇོག་བྱས་མེད་སྐོར་མིང་འདོན་བྱེད་འདོད་མེད་པའི་གནས་ཚུལ་འབྱུང་ཁུངས་ཀྱིས་བརྗོད་འདུག
ཡང་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཆུང་ཚགས་ཁག་ལ་དྲག་ཤུགས་ཆེ་བའི་རྣམ་འགྱུར་སྟོན་བཞིན་པ་དེར་ཁྱིམ་མཚེས་རྒྱལ་ཁབ་ཚོར་སེམས་འཚབ་ཆེན་པོ་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་དང་ཐེ་ཝན་ཐོག་དྲག་ཤུགས་བེད་སྤྱོད་བྱས་པའི་ར་སྤྲོད་དཔང་རྟགས་ཁག་ཇེ་གསལ་དུ་འགྲོ་བཞིན་ཡོད་པ་བརྗོད་འདུག
རྒྱ་ནག་གི་ངོས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་མངའ་ཐང་རྒྱ་བསྐྱེད་བྱ་རྒྱུར་གོ་སྐབས་ལེན་བཞིན་ཡོད་པར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་ལགས་ཀྱིས་དྲ་ལམ་ནས་ཚོགས་པའི་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་གྱི་ཚོགས་འདུའི་ཐོག་སྐྱོན་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎