རྒྱ་ནག་དང་ཨ་མི་རི་ཀའི་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བ།

ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱ་རྒྱུའི་འཆར་གཞི་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ་རེད།

2010.01.31

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱ་རྒྱུའི་འཆར་གཞི་དེ་ནི། རྒྱ་ནག་རྒྱལ་ནང་གི་བདེ་འཇགས་ལ་ཉེན་ཁ་ཞིག་ཡིན་པ་མ་ཟད། ཐའེ་ལྦན་རྒྱ་ནག་དང་ཟླ་སྒྲིལ་གཏོང་རྒྱུའི་ལས་དོན་ལ་གནོད་སྐྱོན་བཟོས་པ་ཞིག་ཡིན་ལུགས་བཤད་དེ། ཨ་མི་རི་ཀའི་ཐག་གཅོད་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

ཨ་མི་རི་ཀས་ཐའེ་ལྦན་ལ་ཨ་རིའི་ཌོ་ལར་ཐེར་འབུམ་དྲུག་ལྷག་གི་གོ་མཚོན་ཚོང་འགྲེམས་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་བཞིན་རེས་གཟའ་སྤེན་པའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས། ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱ་རྒྱུའི་ཐག་གཅོད་དེ་ནི། ཐའེ་ལྦན་དང་རྒྱ་ནག་བར་ལ་སྲུང་སྐྱོབ་དང་བརྟན་ལྷིང་སྐྲུན་རྒྱུར་རམ་འདེབས་བྱས་པ་ཞིག་ཡིན་ཞེས་གསུངས་ཡོད་ཅིང། རྩ་བའི་ཨ་མི་རི་ཀ་དང་རྒྱ་ནག་བར་ལ། ཕྱིར་ཚོང་ནང་འདྲེན་གྱི་ཚོང་འབྲེལ་ཆ་མི་སྙོམས་པའི་གནད་དོན་དང། རྒྱ་ནག་ནང་ནས་འཕྲིན་གཏོང་དྲ་རྒྱ་བརྒྱུད་ཨ་རིའི་གནས་ཚུལ་རྐུ་འཁྱེར་བྱས་པའི་གནད་དོན་སོགས་ཀྱི་ཐོག་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་ཁར། ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱ་རྒྱུའི་ཐག་གཅོད་དེར་རྒྱ་ནག་ཕྱོགས་ནས་དེ་སྔོན་ནས་ཨ་མི་རི་ཀར་ཉེན་བརྡ་དང་འཇིགས་སྐུལ་བྱས་པའི་གནས་ཚུལ་རིམ་པ་བྱུང་ཡོད་པ་རེད། དེའི་སྔོན་ལ་རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ཐོག་ལ། ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་འཆར་གཞི་དེ་ཡིས། རྒྱ་ནག་དང་ཨ་མི་རི་ཀའི་བར་གྱི་གལ་ཆེའི་གནད་དོན་དཔེར་ན། ཕྱོགས་གཉིས་བར་མཉམ་ལས་དང་དམག་དོན་བརྗེ་འགྱུར་གྱི་ལས་དོན་ཐོག་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་དང། དེ་མ་ཚད། ཕྱོགས་གཉིས་ཀྱི་བསམ་ཡུལ་དུ་མེད་པའི་འཇུག་འབྲས་ངན་པའི་རྐྱེན་ཞིག་ཏུ་འགྱུར་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད། ཡིན་ནའང་རྒྱ་ནག་ཕྱོགས་ནས་ཨ་མི་རི་ཀར་ཉེན་བརྡ་ཇི་ཙམ་གཏོང་མིན་ལ་མ་ལྟོས་པར། ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་གནང་རྒྱུའི་འཆར་གཞི་ཡོད་པ་མ་ཟད། རྒྱ་ནག་རང་ཉིད་ལ་ཆ་མཚོན་ནའང། ཕྱི་ལོ་༡༩༨༩ ལོར་པེ་ཅིང་གནམ་བདེ་སྒོ་མོའི་ཆེའི་ཐང་ཆེན་ཐོག་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་སྤེལ་བའི་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པ་ནས་བཟུང། ཨ་མི་རི་ཀ་དང་ཡོ་རོབ་ཡུལ་གྲུ་ཁག་གིས་རྒྱ་ནག་ལ་གོ་མཚོན་རིགས་ཚོང་འགྲེམས་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎