ས་སྐྱའི་གདུང་སྲས་རྣམ་གཉིས་བོད་ཀྱི་ས་ཁུལ་ཁག་ཏུ་ཕེབས་པ།
2010.07.30
༄༅༎འདི་ག་རླུང་འཕྲིན་ཁང་གི་ཨ་མདོའི་གསར་འགོད་པ་ཀླུ་འབུམ་བཀྲིས་ལགས་ཀྱིས་གནས་ཚུལ་བཏང་བ་ལྟར། ཉེ་ཆར་དཔལ་ས་སྐྱའི་གདུང་སྲས་བགྲེས་གཞོན་གཉིས་དང་ས་སྐྱ་ཆོས་སྒར་གྱི་འགན་འཛིན་འཇམ་དབྱངས་ལེགས་བཤད་སོགས་ས་སྐྱའི་སྐུ་འཁོར་ཁག་ཅིག་ཉེ་ཆར་རྒྱ་ནག་དང་བོད་ཀྱི་རྒྱལ་ས་ལྷ་ས་དང་ལྷོ་ཁྲ། ས་སྐྱ། ཀོང་པོ་སོགས་བོད་ནང་ས་ཁུལ་ཁག་ཅིག་ནང་གཟིགས་བསྐོར་དུ་ཆེད་ཕེབས་མཛད་ཡོད་པ་རེད།
འོན་ཀྱང་ཐེངས་འདིའི་ས་སྐྱའི་གདུང་སྲས་རྣམ་གཉིས་ཀྱི་བོད་ནང་གཟིགས་བསྐོར་གནང་བའི་སྐབས། རྒྱ་ནག་གཞུང་གི་བཀོད་སྒྲིག་འོག་ས་གནས་ཁག་ཏུ་བཅར་སྐབས་དུས་ཚོད་ཚོུད་གཉིས་གསུམ་མ་གཏོགས་བཟོས་མེད་པའི་སྐོར་འཇམ་དབྱངས་ལེགས་བཤད་ལགས་ཀྱིས་འགྲེལ་བརྗོད་གནང་འདུག་དེའང་ཁོང་གིས་
![]() |
འཇམ་དབྱངས་ལེགས་བཤད་ལགས་ཀྱིས་འགྲེལ་བརྗོད་གནང་བར་གསན་རོགས། |
གོང་དུ་འཇམ་དབྱངས་ལེགས་བཤད་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ཐེངས་འདིའི་ས་སྐྱའི་གདུང་སྲས་རྣམ་གཉིས་ཀྱི་དབུས་པའི་སྐུ་འཁོར་ཞིག་བོད་ནང་ཕེབས་སྐབས་རང་གི་འདོད་མོས་ལྟར་ཕེབས་བསྐྱོད་་བྱུང་མེད་པ་དང་། དེ་བཞིན་ཉེ་སྔོན་ས་ཡོམ་རྒྱབ་སའི་ཁམས་རྒ་སྐྱེ་རྒུ་མདོའི་ཁུལ་དུའང་ཕེབས་བསྐྱོད་གནང་ཆོག་པའི་ཆོག་མཆན་སྤྲད་མེད་པའི་གནས་ཚུལ་ཐོན་བཞག།