ལྕམ་སོ་ནི་ཡ་གེན་རྡི་མཆོག་གཤག་བཅོས་ལམ་ལྷོང་བྱུང་བ།

རྒྱ་གར་གཞུང་འཛིན་ཀོང་རེ་སེ་ཨ་ཡི་ཚོགས་པའི་འགོ་འཁྲིད་ལྕམ་སོ་ནི་ཡ་གེན་རྡི་མཆོག་གཤག་བཅོས་ལམ་ལྷོང་བྱུང་ཡོད་པའི་སྐོར།

2011.08.06

༄༅༎རྒྱ་གར་གཞུང་འཛིན་ཀོང་རེ་སེ་ཨ་ཡི་ཚོགས་པའི་མགྲིན་ཚབ་པ་ཇ་ནར་རྡན་ཌི་ལྦི་ལྦེ་ཌི་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་གསལ་ལྟར་ན། ཚོགས་པའི་འགོ་འཁྲིད་ལྕམ་སོ་ནི་ཡ་གེན་རྡི་མཆོག་ཤག་བཅོས་བྱེད་པའི་རྗེས་སུ་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ཛ་དྲག་ནད་ཁང་ནང་བཞུགས་དགོས་བྱུང་ཡོད་ཀྱང་དེ་རིང་རེས་གཟའ་སྤེན་པའི་ཉིན་ནད་གསོས་ཁང་ནང་ཡོད་པ་དང་། ད་རེས་སྙུན་ནར་སྐབས་ཕྱི་ནང་གཉིས་ནས་ཐུགས་གསོའི་འཚམས་འཕྲིན་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཁོང་བདུན་ཕྲག་གཉིས་གསུམ་ཙམ་རྗེས་སུཕྱིར་ལོག་ཕེབས་རྒྱུའི་རེ་བ་ཡོད་ཅེས་བཀོད་ཡོད་འདུག

གསལ་བསྒྲགས་དེའི་ནང་ལྕམ་སོ་ནི་ཡ་གེན་རྡི་སྙུན་གཞི་ག་རེ་ཡིན་མིན་དང་། ཤག་བཅོས་བྱེད་ཡུལ་ས་གནས་དང་སྨན་ཁང་སོགས་གང་ཡང་གསལ་པོ་གསུངས་མེད་པ་རེད། འོན་ཀྱང་རྒྱ་གར་གྱི་ཏེཧལ་ཀ་ཞེས་པའི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་New York Memorial Sloan Kettering Cancer Center ཞེས་པའི་ནང་ཤག་བཅོས་བྱེད་ཡོད་ལུགས་དང་། ཡང་དྲེ་ཀན་ ཧེ་རལདྲ་ཞེས་པའི་གསར་ཤོག་ནང་། ཁོང་སྐེའི་ཀེན་སར་རམ་སྤྲན་ནད་ཀྱི་ཤག་བཅོས་བྱས་ཡོད་རེད་ཅེས་བཀོད་ཡོད་པ་རེད། ཁོང་ཤག་བཅོས་ཆེད་མ་ཕེབས་པའི་གོང་ཀོང་རེ་སེ་ཚོགས་པའི་འགན་གཙོ་བོ་འཁྱེར་མཁན་ཁོངས་སུ་གནད་ཡོད་མི་སྣ་བཞིའི་མིང་བཏོན་ཡོད་པའི་ནང་། ཁོང་གི་བུ་དང་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་འགན་འཁུར་བཞེས་མཁན་ར་ཧུལ་གེན་རྡི་ཡང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎