བསོད་ནམས་ཡར་འཕེལ་ལཊ་བཀག་ཉར་ལས་གློད་བཀྲོལ་བྱུང་འདུག


2016.12.21
ཡར་འཕེལ་ལགས་ཀྱིས་སེར་ཤུལ་རྫོང་དུ་སྐད་འབོད་གནང་བཞིན་པའི་སྐབས། ༢༠༡༤།༡༡།༢༦ ཡར་འཕེལ་ལགས་ཀྱིས་སེར་ཤུལ་རྫོང་དུ་སྐད་འབོད་གནང་བཞིན་པའི་སྐབས། ༢༠༡༤།༡༡།༢༦
བོད་འབྱོར།

མང་དགེ་དགོན་པའི་དགེ་འདུན་པ་བསོད་ནམས་ཡར་འཕེལ་ལགས་མི་ལོ་གཉིས་ཀྱི་རྗེས་བཙོན་བཀྲོལ་བྱུང་འདུག
དེ་ཡང་འདི་གའི་བལ་ཡུལ་གྱི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ཕྱི་ཟླ་༡༢་པའི་ཚེས་༢༡་ཉིན་གྱི་སྔ་དྲོར། སེར་ཤུལ་རྫོང་གི་བཀག་ཉར་ཁང་ནས་མང་དགེ་དགོན་པའི་དགེ་འདུན་པ་བསོད་ནམས་ཡར་འཕེལ་ལགས་ཁོང་གི་ནང་མི་དང་དགོན་པའི་ལས་སྣེ་ཁག་གི་འགན་ལེན་འོག་གློད་བཀྲོལ་བཏང་འདུག གྲྭ་བསོད་ནམ་ཡར་འཕེལ་ལགས་ཀྱི་ནང་མི་དང་དགོན་པའི་ལས་སྣེ་ཁག་ཅིག་སེར་ཤུལ་རྫོང་ཐོག་གི་བཀག་ཉར་ཁང་དུ་ཕེབས་ནས། འགན་ལེན་གྱི་ཡིག་ཆ་མང་པོ་ཞིག་གི་ཐོག་འཛུབ་ཐེལ་སྐྱོན་དགོས་བྱུང་ཡོད་པ་རེད།
ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་རྫ་ཆུ་ཁ་མང་དགེ་དགོན་པའི་དགེ་འདུན་པ་བསོད་ནམ་ཡར་འཕེལ་ལགས་ཀྱིས་དེ་སྔོན་༢༠༡༤ལོའི་ཟླ་བ་༡༡་པའི་ཚེས་༢༦་ཉིན་སེར་ཤུལ་རྫོང་ཐོག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཆེན་པོ་ཞིག་བཟུང་ནས་བོད་ལ་རང་དབང་དགོས། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་གནང་ཏེ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་བལ་བརྟེན་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ད་བར་མི་ལོ་གཉིས་ལྷག་གི་རིང་བཀག་ཉར་བྱས་ཡོད་པ་རེད།
བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་གསུང་ན། དགེ་འདུནཔ་བསོད་ནམས་ཡར་འཕེལ་ལགས་འདས་པའི་ལོ་གཉིས་ལྷག་རིང་གསེར་ཤུལ་རྫོང་ཐོག་གི་བཀག་ཉར་ཁང་དུ་བཞག་པ་ལས་དེ་མིན་བཙོན་ཁང་གཞན་དུ་བཏང་མེད་པ་དང། བཀག་ཉར་བྱས་པའི་དུས་རིང་ཁོང་ལ་མནར་བཅོད་བཏང་བ་སོགསཀྱི་གནས་ཚུལ་ཇི་བྱུང་གསལ་པོ་མེད་ཀྱང་། གློད་བཀྲོལ་སྐབས་སྐུ་གཟུགས་བདེ་ཐང་ཡིན་པ་རེད་ལ་ད་ལྟ་ཁོང་ཁྱིམ་དུ་བཞུགས་ཡོད་པ་དང་། རིང་མིན་དགོན་པར་ཕྱིར་ལོག་གནང་རྩིས་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎