བོད་མིའི་སྒྲིག་འཛུཊ་ཀྱི་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་གསར་པ།


2014.09.15
སྤྱི་ཁྱབ་འོས་བསྡུ་འགན་འཛིན་གསར་པ། འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འོས་བསྡུ་འགན་འཛིན་ལ་འོས་འདེམས་བྱུང་བ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།
དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དགུ་པ། དོན་ཚན་བརྒྱ་དང་གཅིག་ནང་གསེས་དང་པོའི་དགོངས་དོན་ལྟར། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་དང༌། ཚོགས་མི་གཉིས་ནས་བཞིའི་བར་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མིར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུའི་ཆ་རྐྱེན་འོག་འོས་གཞི་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མིར་དེ་སྔའི་ཁྲིམས་ཞིབ་པ་ཆེ་བ་གྲེས་ནང་རྣམ་རྒྱལ་ཚེ་རིང་མཆོག་དང་། བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག དེ་སྔའི་འདེམས་ལྷན་ཚོགས་གཙོ་བཀྲ་ཤིས་ཕུན་ཚོགས་མཆོག་བཅས་འོས་གཞི་མི་འགྲོ་གཉིས་ལས་མ་ཉུང་བའི་མིང་ཐོ་འབུལ་དགོས་རྒྱུ་ཞེས་གསལ་བ་བཞིན་ཚོགས་ཆུང་གི་ཚོགས་མི་གསུམ་པོ་སྤྱི་མོས་ཐོག་ནས་འོས་གཞིར་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་དང་། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ལགས་རྣམ་གཉིས་མཐའ་མའི་འོས་གཞིར་འདེམས་ཐོན་བྱུང་དོན་བཞིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་གསུམ་པར་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོག་འདེམས་ཐོན་གནང་ཆེད་སྤྱི་འཐུས་རྣམས་ཀྱིས་མཐའ་མའི་འོས་གཞིར་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་དང་། སྟོབས་རྒྱལ་ལགས་རྣམ་གཉིས་ལ་ངོ་ཡོད་སྤྱི་འཐུས་ ༣༩ ཡོད་པ་རྣམས་ཀྱིས་གྲོས་ཚོགས་ནང་གསང་བའི་་འོས་ཤོག་འཕངས་མཐར་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་སུ་འོས་གྲངས་ ༢༠ ཐོབ་ཡོད་པ་དང། སྟོབས་རྒྱལ་ལགས་སུ་འོས་གྲངས་ ༡༦ ཐོབ་པར་བརྟེན། ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོག་ལ་འདེམས་ཐོན་བྱུང་བ་ཡོད་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་གྱིས་བཏང་བའི་གནས་ཚུལ་གསན་རོགས

གསར་འགོད་པ་བསྟན་འཛིན་དབང་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎