སྲིད་སྐྱོང་མཆོག་གིས་རྒྱ་གར་ལ་འཚམས་འདྲི་ཞུས་འདུག


2014.08.15
སྲིད་སྐྱོང་མཆོག་ནས་རྒྱ་གར་རང་བཙན་ཉིན་མོར་འཚམས་འདྲི་གནང་ཡོད་པ། བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་ནས་རྒྱ་གར་རང་བཙན་གྱི་ཉིན་མོ་ཐེངས་༦༨ སྲུང་བརྩི་ཞུས་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ ཕྱི་ཟླ་༨ཚེས་༡༥ ཉིན་རྒྱ་གར་རང་བཙན་ཐོབ་ནས་ ལོ་ངོ་༦༨འཁོར་བའི་དུས་དྲན་སྲུང་བརྩིའི་ཉིན་རྒྱ་གར་མི་མང་ཡོངས་ལ་མཚམས་འདྲི་ཞུས་གནང་འདུག སྤྱི་ཚེས་༡༥ཉིན་བཞུགས་སྒར་རུ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་གྱི་ཉི་མོའི་དུས་དྲན་སྲུང་བརྩི་ཞུས་གནང་འདུག་པ་དང་། མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་རེས་རྒྱ་གར་རང་བཙན་གྱི་ཉིན་མོིའི་དུས་དྲན་འདི་བརྒྱུད་རྒྱ་གར་གཞུང་དམངས་གཉིས་ལ་སླར་ཡང་བཀྲིན་རྗེས་དྲན་གྱི་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུ་ཡིན། བོད་མི་སྐྱབས་བཅོལ་དུ་འབྱོར་བ་ནས་བཟུང་རྒྱ་གར་གཞུང་དམངས་ནས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་གོང་ས་སྐྱབས་མཆོག་དང། སྐྱབས་བྱོལ་བོད་མི་རྣམས་ལ་ཐུགས་བརྩེ་ཆེན་པོའི་བཀྲིན་དང་རོགས་ཕན་གནང་བར་རྗེས་སུ་ཡི་རངས་ཀྱི་ཐུགས་རྗེ་ཞུས་གནང་པ་དང་སྦྲགས་རྒྱ་གར་གྱི་དམངས་གཙོ་ལམ་ལུགས་དང་། མི་རིགས་འདྲ་མིན་ལས་གྲུབ་པའི་སྤྱི་ཚོགས་འདི་བཞིན་འཛམ་གླིང་ཡོངས་ལ་དཔེ་མཚོན་ཆགས་ཡོད་པའི་སྐོར་བསྔགས་བརྗོད་ཞུས་གནང་འདུག ཉིན་རྒྱབ་སྲིད་སྐྱོང་མཆོག་དབུས་པའི་བོད་མིའི་སྒྲིགས་འཛུགས་ཀྱི་སྲི་ཞུའི་ལས་སྣེ་ཁག་གཅིག་བཞུགས་སྒར་རུ་Himachalམངའ་སྡེའི་ལས་ཁུངས་ནས་གོ་བསྒྲིགས་གནང་པའི་རྒྱ་གར་རང་བཙན་གྱི་ཉིན་མོ་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་ཆེད་བཅར་གནང་པ་དང་། དེར་སྲིད་སྐྱོང་མཆོག་ནས་Himachalམངའ་སྡེའི་སོ་ནམ་བློན་ཆེན་དང་། འཕྲོད་བསྟན་བློན་ཆེན་རྣམ་གཉིས་དང་མཇལ་འཕྲད་ཀྱིས་འཚམས་འདྲི་ཞུས་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎