ཧི་མ་ལ་ཡའི་འཁྱགས་རོམ་ལ་ཞིབ་འཇུག།

ཧི་མ་ལ་ཡའི་འཁྱགས་རོམ་འགའ་ཤས་མ་བཞུར་བར་ད་དུང་རྒྱ་ཆེ་རུ་འགྲོ་གི་ཡོད་པའི་སྐོར་ཞིབ་འཇུག་གནང་བའི་བརྒྱུད་མཁྱེན་རྟོགས་བྱུང་བཞག

2011.01.24

༄༅༎ཧི་མ་ལ་ཡའི་འཁྱགས་རོམ་འགའ་ཤས་མ་བཞུར་བར་ད་དུང་རྒྱ་ཆེ་རུ་འགྲོ་གི་ཡོད་པའི་སྐོར་ཨ་རི་དང་ཇར་མན་གྱི་ཚན་རིག་བརྟག་དཔྱད་མཁས་པ་ཚོས་ཞིབ་འཇུག་གནང་བའི་བརྒྱུད་མཁྱེན་རྟོགས་བྱུང་བཞག།

འཛམ་གླིང་གི་གངས་རི་མཐོ་ཤོས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་འཁྱགས་རོམ་འགའ་ཤས་ས་དང་རྡོ་ཧྲུག་གིས་བཀབ་ནས་ལས་སླ་པོར་འཁྱགས་རོམ་བཞུ་མ་ཐུབ་པར་ལུས་ཡོད་པ་དེ་ད་ཕན་འཛམ་གླིང་ནང་ཚ་དྲོད་རྒྱས་ཀྱི་ཡོད་པའི་ཞིབ་འཇུག་སྙན་ཐོ་མང་པོའི་ནང་གསལ་མེད་པ་རེད། དེ་ཙམ་མ་ཟད་རླུང་པོའི་རྒྱབ་ཕྱོགས་ཀྱིས་ཀྱང་འཁྱགས་རོམ་འགའ་ཤས་མ་བཞུར་བའི་ཆ་རྐྱེན་ཆགས་ཀྱི་ཡོད་པ་རེད། ཇར་མ་ནི་དང་ཨ་མི་རི་ཀའི་གཙུག་ལག་སློབ་གཉེར་ཁང་འགའ་ཤས་ཀྱི་ཚན་རིག་མཁས་པ་ཚོས་ འཛམ་གླིང་ནང་གི་འཁྱགས་རོམ་༢༨༦ལ་ཞིབ་འཇུག་གནང་སྟེ་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པའི་ནང༌། ཧི་མ་ལ་ཡའི་འཁྱགས་རོམ་སྤྱི་ཡོངས་ལ་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གིས་

ཁྱད་པར་གཅིག་མཚུངས་བཟོས་མེད་པ་དང། ས་ཆ་འགའ་ཤས་ལ་ས་དང་རྡོ་ཧྲུག་གིས་བཀབ་ནས་འཁྱགས་རོམ་བཞུ་མ་ཐུབ་པའི་གནས་ཚུལ་ཡང་ཡོད་པ་གསལ་བཏོན་གནང་བཞག། ༢༠༠༧ལོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཞིབ་འཇུག་ཚོགས་ཆུང་གིས་འཛམ་གླིང་གི་ཚ་དྲོད་རྒྱས་པའི་རྐྱེན་གྱིས་༢༠༣༥བར་ཧི་མ་ལ་ཡའི་འཁྱགས་རོམ་ཚང་མ་བཞུར་ནས་མེད་པ་ཆགས་རྒྱུ་ཡིན་ལུགས་གསུང་ཡོད་པ་དེ་ནི་ནོར་འཁྲུལ་ཡིན་སྐོར་ ཨ་རི་དང་ཇར་མ་ནིའི་ཚན་རིག་མཁས་པ་ཚོས་ནོར་བཅོས་གནང་ཡོད་པ་མ་ཟད། ཁོང་རྣམ་པས་བཏོན་གནང་བའི་ཞིབ་འཇུག་སྙན་ཐོའི་ནང་ཧི་མ་ལ་ཡའི་ནུབ་ཕྱོགས་ ཀ་ར་ཀོ་རམ་རི་རྒྱུད་ཀྱི་འཁྱགས་རོམ་བརྒྱ་ཆ་༥༨ལ་

ཞིབ་འཇུག་གནང་སྐབས་ནུབ་ངོས་ཀྱི་ལྷག་པ་གྲང་མོས་འཁྱགས་རོམ་དེ་ཚོ་སྲ་བརྟན་གནས་ཐུབ་པ་མ་ཚད། ཁུལ་དེའི་ནང་འཁྱགས་རོམ་མ་བཞུར་བར་ད་དུང་རྒྱ་ཆེ་རུ་འགྲོ་གི་ཡོད་པ་མཁྱེན་རྟོགས་བྱུང་འདུག། དེ་མིན་ཧི་མ་ལ་ཡའི་ཁུལ་རྒྱ་གར་རྒྱ་མཚོའི་ནང་གི་རླུང་ཕོག་སའི་འཁྱགས་རོམ་དེ་ཚོ་བཞུར་ནས་ཕྱིར་བཤིག་རྒྱབ་ཀྱི་ཡོད་སྐོར་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎