ཤར་ཇེ་རུ་ས་ལེམ་མེད་པའི་པེ་ལེསི་ཊེན་ཡོང་ཐབས་མེད།
2009.11.08
༄༅༎པེ་ལེསི་ཊིན་གྱི་མི་མང་གིས་ཤར་ཇེ་རུ་ས་ལེམ་རྒྱལ་ས་མ་ཡིན་པའི་མ་འོངས་པའི་པེ་ལེསི་ཊིན་གྱི་རྒྱལ་ཁབ་ངོས་འཛིན་བྱེད་ཐབས་མེད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་ཉི་མའི་ཉིན་པེ་ལེསི་ཊིན་གྱི་ཞི་འགྲིགས་ཀྱི་སྐུ་ཚབ་གཙོ་བོ་སའིབ་ཨིརི་ཀཏེ་གྱིས་ཇེ་རུ་ས་ལེམ་རྒྱལ་ས་མ་ཡིན་པའི་རྒྱལ་ཁབ་ནི་མིང་དོན་མཚུངས་པའི་རྒྱལ་ཁབ་ཅིག་ཡོང་ཐབས་བྲལ་བས་ཇེ་རུ་སེ་ལེམ་རྒྱལ་ས་མ་ཡིན་པའི་གཞུང་འཛིན་དང་སྲིད་དབང་ཞིག་དགོས་ཀྱི་མེད་ལུགས་གཏམ་བཤད་གནང་འདུག
སའིབ་ཨིརེ་ཀར་ཊི་ཡི་གཏམ་བཤད་དེ་བཞིན་པེ་ལེསི་ཊིན་གྱི་སྲིད་འཛིན་མཱ་མུརྡ་ཨ་སྦ་སེ་མཆོག་བསྐྱར་དུ་རིང་མིན་སྲིད་འཛིན་གྱི་འོས་གཞིར་མི་བཞེངས་རྒྱུའི་ཐག་གཅོད་གནང་བའི་སྐོར་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་གནང་ཡོད་འདུག སྲིད་འཛིན་ཨ་སྦ་སེ་མཆོག་གིས་རེས་གཟའ་ཕུར་བུའི་ཉིན་སྲིད་འཛིན་གྱི་འོས་བསྡུ་ནས་ཕྱིར་འཐེན་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་འདུག ཕྱིར་འཐེན་གནང་དགོས་པའི་རྒྱུ་མཚན་ནི་སྲིད་བློན་སྦེ་ཇ་མིན་ནེ་ཏན་ཡ་ཧུ་ཡིས་སྣེ་ཁྲིད་པའི་ཨི་སེ་རའེལ་གྱི་གཞུང་གིས་ཞི་འགྲིག་གནང་རྒྱུར་འདོད་པ་མེད་པའི་ཁར་དེ་སྔའི་ཆིངས་དོན་དང་འགལ་བའི་ལས་དོན་མཚམས་འཇོག་བྱེད་ཀྱི་མེད་ལུགས་གསལ་བཤད་གནང་འདུག དེའི་ཁར་ཨ་མེ་རི་ཀས་ཀྱང་ཨེ་སི་རའེལ་གྱིས་སླད་ཕྱིན་ཆད་པེ་ལེསི་ཊིན་གྱི་མངའ་འོག་འགྲོ་རྒྱུའི་ས་ཁུལ་ཁག་ནང་ཁྲིམས་འགལ་གྱིས་གཞིས་ཆགས་གསར་འཛུགས་བྱེད་བཞིན་པ་དེར་སྐྱོན་བརྗོད་དེ་ཙམ་གནང་གི་མེད་ལུགས་འགྲེལ་བརྗོད་བྱས་འདུག།