བསྟན་པ་བློ་གྲོས་ལྷ་སའི་བཙོན་ཁང་དུ་བཀག་ཉར་བྱེད་བཞིན་པ།

རྩོམ་སྒྲིག་པ་གངས་དགའ་འཁྱམ་པོ་འམ་བསྟན་པ་བློ་གྲོས་ལགས་ཁྲིམས་གཅོད་གང་ཡང་མེད་པར་ལྷ་སའི་བཙོན་ཁང་དུ་མུ་མཐུད་བཀག་ཉར།

2011.11.19

༄༅༎འདི་གར་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། མདོ་ཁམས་དཔལ་འབར་རྫོང་ནས་ཡིན་པའི་རྩོམ་སྒྲིག་པ་གངས་དགའ་འཁྱམ་པོ་འམ་བསྟན་པ་བློ་གྲོས་ལགས། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ཟླ་བ་དྲུག་ཙམ་ཕྱིན་ཡོད་ཀྱང༌། ད་བར་ཁྲིམས་གཅོད་གང་ཡང་མེད་པར་ལྷ་སའི་བཙོན་ཁང་དུ་མུ་མཐུད་བཀག་ཉར་འོག་ཡོད་འདུག
རྩོམ་པ་པོ་བསྟན་པ་བློ་གྲོས་སམ་སྨྱུག་མིང་ལ་གངས་དགའ་འཁྱམ་པོ་ཞུ་བ་ཁོང་ ་༢༠༡༠ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་ཁོང་གི་ཕ་ཡུལ་གཅིག་པའི་རོགས་པ་ཕོ་སར་ཞིག་དང་ལྷན་ལྷ་སའི་སྲང་ལམ་དུ་འགྲོ་བཞིན་པའི་སྐབས་གློ་བུར་དུ་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང། ཁོང་གི་རོགས་པ་དེ་ཉིན་དེ་རང་གི་ཕྱི་དྲོར་གློད་བཀྲོལ་བཏང་ཡོད་ཀྱང༌། བསྟན་པ་བློ་གྲོས་མུ་མཐུད་བཀག་ཉར་བྱེད་མུ་ཡིན་པ་མ་ཟད། ཁོང་གི་ཁྱིམ་ནས་ཁོང་གིས་རྒྱུན་དུ་བལྟ་ཀློག་བྱེད་པའི་དཔེ་ཆ་ཁག་དང། རྩིས་འཕྲུལ། ཡིག་པར་བཅས་བཙན་འཕྲོག་བྱས་ཡོད་པ་རེད།
བསྟན་པ་བློ་གྲོས་ནི། དཔལ་ཡུལ་སྔ་འགྱུར་གདན་ས་ཆེན་པོའི་མ་དགོན་ནས་སློབ་པ་མཐར་སོན་ཕྱིན་པའི་རྗེས། སྔ་ཕྱིར་མདུན་བསྐྱོད་ཅེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང༌། དཔལ་འབར་སློབ་སྐུལ་ཚོགས་པའི་གཙོ་གྲས། ཁམས་ཁུལ་གྲྭ་བ་ཁ་ཤས་མཉམ་རུབ་ཀྱིས་གངས་རིའི་གནས་བབ་ཚོགས་པ་གསར་འཛུགས་བཅས་ཀྱི་ཕྱག་ལས་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༤ ཉིན་ཁྲིན་ཏུར་རྩོམ་རིག་གི་བདག་དབང་འཚོལ་བ་ཞེས་པའི་བགྲོ་གླེང་ཚོགས་ཆེན་དང༌། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་༢༠ ཉིན་དཔལ་ཡུལ་རྫོང་བཀྲ་ཤིས་བདེ་ལེགས་ཟ་ཁང་དུ་གངས་རིའི་གནས་བབ་གླེང་བ་ ཞེས་པའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱེད་མཁན་ཡང་ཡིན་པའི་ཐོག  ཡང་ཁོང་གིས་ང་མི་ཡུལ་འགྲོ་དུས་ཞེས་པ་དང། གཟན་འོག་གི་ཕྱི་མིག་ ཅེས་པ་སོགས་རྣོ་ངར་ཅན་གྱི་རྩོམ་མང་པོ་ཞིག་སྤེལ་མྱོང་ཡོད་སྐོར། བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་དེ་ཡིས་ངོ་སྤྲོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎