བོད་ཀྱི་གནས་སྟངས་ཚབས་ཆེ་རུ་འགྲོ་ཉེན་ཡོད།

རྒྱ་ནག་གཞུང་གིས་བསམ་གཞིགས་མ་བྱས་ཚེ། བོད་ནང་གི་གནས་སྟངས་ད་དུང་ཚབས་ཆེ་རུ་འགྲོ་ཉེན་ཡོད་རེད་ཅེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བརྡ་འཕྲིན་ཞིག་བཏང་གནང་འདུག

2012.10.30

༄༅།    །བོད་ནང་བདུན་ཕྲག་སྔོན་མ་ཁོ་ནའི་ནང་།    བོད་མི་ ༧ གྱིས་གཅིག་རྗེས་གཉིས་མཇུག་ངང་རང་ལུས་མེར་བསྲེག་བཏང་བའི་གཉན་འཕྲང་ཅན་གྱི་དུས་སྐབས་དེར་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་ཚབས་གཏིང་ཟབ་ཡོད་ཞེས་དང་། བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་ཆགས་པའི་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ག་པར་ཐུག་གི་ཡོད་མེད་ཐད། རྒྱ་ནག་གཞུང་གིས་བསམ་གཞིགས་མ་བྱས་ཚེ། བོད་ནང་གི་གནས་སྟངས་ད་དུང་ཚབས་ཆེ་རུ་འགྲོ་ཉེན་ཡོད་རེད་ཅེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བརྡ་འཕྲིན་བཏང་གནང་འདུག
རྒྱ་ནག་གཞུང་གིས་བོད་ཐོག་དྲག་རྩུབ་ཅན་གྱི་སྲིད་བྱུས་ལག་ལེན་བསྟར་བཞིན་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་བཅས་པར་ཁུངས་ལུངས་རྩ་བ་ནས་མེད་པའི་སྐྱོན་འཛུགས་བྱས་པའི་རྐྱེན་གྱིས་བོད་མིའི་ཁྲོད་ལ་རྒྱ་ནག་གཞུང་ལ་མི་དགའ་བའི་འཁོན་འཛིན་ཤུགས་ཆེར་འགྲོ་གི་ཡོད་རེད། རྒྱ་ནག་གཞུང་གིས་བོད་མི་སུ་ཡིས་རང་ལུས་མེར་སྲེག་གཏོང་རྒྱུའི་འཆར་གཞི་ཡོད་མེད་ཐད་གསང་ཉུལ་བྱེད་ཕྱིར་བོད་མི་འགའ་ཞིག་ལ་དངུལ་གྱིས་བསླུ་ཐབས་བྱེད་ཀྱི་ཡོད་པ་དེ་ནི། བོད་ནང་གི་བོད་མི་ཚོས་ རང་ལུས་མེར་སྲེག་གཏོང་དགོས་ཆགས་པའི་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ག་པར་ཐུག་གི་ཡོད་མེད་ཐད་རྒྱ་ནག་གཞུང་གིས་ཤེས་ཐབས་བྱེད་ཀྱི་མེད་པའི་ཁར། བོད་མིའི་མངོན་འདོད་ག་རེ་ཡིན་པ་ཡང་ཤེས་ཐབས་བྱེད་ཀྱི་མེད་པའི་རྒྱུ་རྐྱེན་ལ་ཐུག་གི་ཡོད་པ་རེད། རྒྱ་ནག་གཞུང་གིས་ བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨས་ཞུས་ཤིང་། དབུས་བོད་མིའི་སྒྲིག་འཛུགས་བཅས་པར་ཁུངས་ལུང་རྩ་བ་ནས་མེད་པའི་སྐྱོན་འཛུགས་བྱས་ཏེ་འཛམ་གླིང་གི་མི་མང་མགོ་སྐོར་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད། མདོ་དོན་དུ་བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་རྒྱབ་ལ་གཞི་རྩའི་རྒྱུ་མཚན་ཇི་ཡིན་རྒྱ་ནག་གཞུང་གིས་ངེས་པར་དུ་བསམ་གཞིགས་བྱེད་དགོས་ཀྱི་རེད་ཅེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྐུལ་མ་ནན་པོ་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎