བསྟན་འཛིན་བདེ་ལེཊ་དམ་པའི་སྲིང་མོ་དང་ཚ་མོ་དམ་དྲག་འོག་ཡོད་པ།


2015.08.07
སྤྲུལ་སྐུ་བསྟན་འཛིན་བདེ་ལེཊ་དམ་པའི་སྲིང་མོ་སྒྲོལ་དཀར་ལྷ་མོ་དང་། ཚ་མོ་ཉི་མ་ལྷ་མོ་གཉིས། སྤྲུལ་སྐུ་བསྟན་འཛིན་བདེ་ལེཊ་དམ་པའི་སྲིང་མོ་སྒྲོལ་དཀར་ལྷ་མོ་དང་། ཚ་མོ་ཉི་མ་ལྷ་མོ་གཉིས།
པར་ཚགས

སྤྲུལ་སྐུ་བསྟན་འཛིན་བདེ་ལེཊ་དམ་པའི་སྲིང་མོ་དང་ཚ་མོ་གཉིས་རང་ཁྱིམ་ལ་འབྱོར་ཡང་མུ་མཐུད་རྒྱ་ནག་གི་དམ་དྲག་འོག་ཡོད་པ་རེད།
དེ་ཡང་ཞིང་བཤེགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྲིང་མོ་དང་། ཚ་མོ་གཉིས་དོ་དམ་བཀག་ཉར་ནས་གློད་བཀྲོལ་བཏང་སྟེ་རང་ཁྱིམ་དུ་འབྱོར་ཡོད་ཀྱང་ཕྱི་ཕྱོགས་སུ་འབྲེལ་གཏུགས་བྱེད་མི་ཐུབ་པའི་དམ་དྲག་གི་གནས་སྟངས་འོག་ཡོད་པ་དང་། དེ་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་ནང་དོགས་གཞིའི་གནས་སྟངས་འོག་དགོངས་པ་རྗོགས་པའི་རྗེས། ཕྱི་ཟླ་༧ཚེས་༡༧ཉིན་རིན་པོ་ཆེའི་སྲིང་མོ་སྒྲོལ་དཀར་ལྷ་མོ་དང་། ཚ་མོ་ཉི་མ་ལྷ་མོ་གཉིས་ནས་རིན་པོ་ཆེ་སྐུ་གཤེགས་རྐྱེན་ཇི་ཡིན་ཐད་གཞུང་ཕྱོགས་ནས་ཞིབ་འཇུག་དགོས་པའི་ཞུ་གཏུགས་བྱས་མཚམས་ཉིན་དེ་རང་ཁྲིན་ཏུའུ་གྲོང་ཁྱེར་དུ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་། ཉེ་བའི་ཕྱི་ཟླ་༧ཚེས་༣༠ཉིན་གློད་གྲོལ་བཏང་སྟེ་ཁྱིམ་དུ་སླེབས་ཡོད་པ་རེད།
འོན་ཀྱང་ཚེས་༧ཉིན་བཞུགས་སྒར་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ད་ལྟའི་ཆར་རིན་པོ་ཆེའི་ནང་མི་སྤུན་མཆེད་ཡོངས་རྫོགས་ཀྱི་ཁ་པར་ཨང་གྲངས་ལ་བཀག་སྡོམ་བྱས་ཏེ་ཕྱི་ཕྱོགས་ནས་འབྲེལ་གཏུགས་མི་ཐུབ་པ་བཟོས་ཡོད་པ་མ་ཟད། ནང་མི་སྤུན་མཆེད་ཚང་མར་ཚོགས་འདུ་འདུ་སྐོང་བྱས་པ་བརྒྱུད་སྐད་ཆ་གང་བྱུང་བཤད་མི་ཆོག་པ་སོགས་སྡིག་རའི་འཇིགས་སྐུལ་བྱས་ཡོད་པ་དང་། ཕྱི་ཕྱོགས་སུ་འབྲེལ་གཏུགས་བྱེད་མི་ཐུབ་རྒྱུ་པའི་དམ་དྲག་གི་གནས་སྟངས་འོག་ཡོད་པ་འཁོད་འདུག
གནས་ཚུལ་ནང་གསལ་ལྟར་ན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དགོན་པའི་ནང་རྒྱ་གཞུང་གི་ལྟ་རྟོག་དམག་མི་རྣམས་མུ་མཐུད་གནས་སྡོད་བྱས་ཡོད་པ་དང་། རིན་པོ་ཆེ་དགོངས་པ་རྫོགས་པའི་ཉིན་ནས་བཟུང་དགོན་པའི་ནང་མཆོད་འབུལ་སྨོན་ལམ་གནང་བཞིན་ཡོད་ནའང་། ཕྱི་ཟླ་༧ ཚེས་༡༧ཉིན་ནས་བཟུང་ས་གནས་བོད་མི་མང་ཚོགས་རྣམས་དགོན་པར་བསྐྱོད་མི་ཆོག་པའི་བཙན་བཀའ་བཏང་ཡོད་སྟབས་དགོན་པར་མཆོད་མཇལ་དུ་འགྲོ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་འདུག
འགྲོ་བ་མིའི་ཐོབ་ཐང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་དང་། འཛམ་གླིང་གི་རྒྱལ་ཁབ་ཁག་གིས་རྒྱ་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་གྱི་འབོད་སྐུལ་གནོན་ཤུགས་སྤྲད་པ་བརྒྱུད་རིན་པོ་ཆེའི་དགོངས་རྗོགས་ཀྱི་དངོས་ཡོད་རྒྱུ་རྐྱེན་གྱི་གནས་ཚུལ་རྣམས་ཁོང་གི་ནང་མི་གཙོས་དད་ལྡན་མང་ཚོགས་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ལ་གསལ་བཤད་ཡོང་བའི་འབོད་སྐུལ་ནན་བརྗོད་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎