རྒྱ་དཀར་ནག་དབར་དམག་འཁྲུག་བྱུང་ནས་ལོ་༥༠འཁོར་བ།

རྒྱ་དཀར་ནག་གཉིས་དབར་དམག་འཁྲུག་ཤོར་ནས་ལོ་ལྔ་བཅུ་སོང་བའི་དུས་སྐབས་འདིར་རྒྱ་ནག་གིས་ད་ཆ་ཁྱིམ་མཚེས་གཉིས་དགྲ་བོ་མ་ཡིན་པར་ཐོུང་ཡར་རྒྱས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཆགས་ཡོད་ལུགས་བཤད་འདུག

2012.10.25

༄༅།    །ལོ་ལྔ་བཅུའི་གོང་ཕྱི་ལོ་༡༩༦༢ཕྱི་ཟླ་བཅུ་པའི་ནང།    ཡུལ་གཉིས་དབར་ཟླ་བ་གཅིག་རིང་དམག་འཁྲུག་ཤོར་སྐབས།    གོ་མཚོན་ལག་ཆ་ཧ་ཅང་ཞན་པའི་རྒྱ་གར་གྱི་དམག་མིར་ཕམ་ཉེས་ཆེན་པོ་བྱུང་ནས་རྒྱ་མིའི་དཔུང་དམག་ཨ་སམ་(Assam) གྱི་རྒྱ་ཐང་བར་དཔུང་འཇུག་གིས་རྒྱ་གར་གཞུང་མང་གཉིས་ཁ་སྐྱེངས་པོ་བཟོས་ཡོད་པ་རེད།  དེ་རྗེས་རྒྱ་མིའི་དམག་མི་ད་ཡོད་ས་མཚམས་བར་ཕྱིར་འཐེན་བྱས་ཀྱང་།    དུས་དེ་ནས་བཟུང་ད་བར་ས་མཚམས་ཀྱི་རྩོད་རྙོག་སེལ་ཐུབ་མེད་པས་མ་ཟད།    ཨ་རུ་ན་ཅལ་(Arunachal) མངའ་སྡེའི་ས་ཁུལ་ཕལ་མོ་ཆེ་རྒྱ་ནག་གི་ཁོངས་གཏོགས་ཡོད་ལུགས་རྩོད་ལེན་བྱེད་མུས་ཡིན་པ་རེད།  
དེ་སྔའི་དམག་འཁྲུག་སྐོར་འགྲེལ་བརྗོད་སྐབས།    རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ ཧོངྒ་ལེའི་(Hong Lei)ཡིས་ཡུལ་གཉིས་ཀྱི་འབྲེལ་ལམ་གྱི་ལམ་བུར་ད་ཆ་འགྱུར་བ་གཏིང་ཟབ་ཕྱིན་ཡོད་པ་དང་།  འཛམ་གླིང་ནང་ཡར་རྒྱས་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པའི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ནང་ཡར་རྒྱས་འགྲོ་རྒྱུའི་གོ་སྐབས་བཟང་པོ་ཡོད་པར་བརྟེན།    ཕྱོགས་གཉིས་ཀས་དགྲ་བོའི་འདུ་ཤེས་དོར་ནས་ཐོུང་གི་དམིགས་ཡུལ་བསྒྲུབ་པའི་ཆེད་དུ་མཉམ་མཐུན་གྱི་བྱ་བར་འཇུག་དགོས་པ་དང་། ཐོུང་གི་བསྒྲུབ་ཆ་དཀའ་རྙོག་ལས་གནད་འགག་ཆེ་བ་དང་། ཐོུང་གི་ཁེ་ཕན་འཐབ་རྩོད་ལས་གལ་ཆེ་བ་ཆགས་ཡོད་ལུགས་གཏམ་བཤད་བྱས་འདུག  ཡུལ་གཉིས་དབར་ས་མཚམས་སྐོར་གཞུང་འབྲེལ་གྲོས་མོལ་ཐེངས་བཅུ་བཞི་གནང་ཐུབ་པ་ཙམ་ལས་དོན་འབྲས་ཡང་གང་སོན་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎