རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཤུགས་ཆེ།

རྒྱ་གར་གྱི་སྲིད་བློན་མཆོག་གིས་ཡུལ་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཤུགས་ཆེ་ཡོད་པ་དེར་ཉེན་བརྡ་བཏང་གནང་ཡོད་པ་རེད་

2011.08.15

༄༅༎རྒྱ་གར་གྱི་སྲིད་བློན་མཆོག་གིས་རྒྱལ་ཁབ་རང་དབང་རང་བཙན་ཐོབ་པའི་ཉིན་མོའི་གསུང་བཤད་ནང་ཡུལ་ནང་ལྐོག་ཟ་རུལ་སུངས་ཀྱི་་དཀའ་ངལ་ཤུགས་ཆེ་ཡོད་པ་དེར་ཉེན་བརྡ་བཏང་གནང་ཡོད་པ་རེད་ དེ་ཡང་སྲིད་བློན་མན་མོ་ཧན་སིང་མཆོག་གིས་བཀའ་སློབ་གསུང་བཤད་གནང་བའི་ནང་ཡུལ་ནང་ལྐོག་ཟ་རུལ་སུངས་་བྱེད་མཁན་ཐོག་ཁྲིམས་ཐོག་ནས་ལག་ལེན་ཤུགས་ཆེ་འགེལ་གནང་རྒྱུ་ཡིན་སྐོར་ནན་བརྗོད་གནང་ཡོད་པ་རེད་       

ཡང་ཁོང་གིས་ཡུལ་ནང་བཟའ་བཅའ་དང་དངོས་པོའི་རིན་གོང་བརྒྱ་ཆ་ ༡༠ ཙམ་གྱི་འཕར་ཆ་འགྲོ་བཞིན་པ་དེ་ཡང་དཀའ་ངལ་ཆེ་ཤོས་ཤིག་ལ་ངོས་འཛིན་གྱིས་འཆར་ཟླའི་ཟླ་ངོ་འགའ་ཤས་རིང་དཀའ་ངལ་དེ་སེལ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུང་འདུག ཡང་སྲིད་བློན་མཆོག་གིས་དེང་སྐབས་འཛམ་གླིང་ནང་རྒྱ་གར་གྱི་ཡུལ་དེ་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་གྲས་ཀྱི་རྒྱལ་ཁབ་ཅིག་ཆགས་རྒྱུའི་རེ་བ་གནང་གི་ཡོད་ཀྱང་ཡུལ་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་དེས་འགོག་རྐྱེན་དུ་འགྱུར་གྱི་ཡོད་པ་རེད་ཅེས་གསུང་ཡོད་པ་རེད་ཡང་ཁོང་གིས་ཡུལ་ནང་ལྐོག་ཟ་རུལ་སུངས་འགོག་ཐབས་ཐོག་གདོང་ལེན་གང་ཡོང་གནང་གི་ཡོད་པ་དང་རང་ཉིད་གཞུང་འཛིན་གནང་བཞིན་པའི་དུས་སྐབས་འདིར་ཡུལ་ནང་སྲིད་དོན་ཐོག་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེ་འགྲོ་བཞིན་པ་ཡོད་པའི་སྐོར་ཡང་དྲན་བསྐུལ་གནང་ཡོད་པ་རེད་ ད་ལྟའི་ཆར་ཡུལ་ནང་བཟའ་བཅའ་དང་དངོས་པོའི་རིན་གོང་ཇི་ཆེར་འཕར་མིན་ལ་མ་ལྟོས་པར་སྲིད་བློན་སིང་མཆོག་གིས་རྒྱ་གར་མང་ཚོགས་ལ་རིན་མེད་འཕྲོད་བསྟེན་གྱི་མཐུན་རྐྱེན་དང་དབུལ་ཕོངས་སྡོད་ཡུལ་ཁག་མེད་པ་བཟོས་ནས་ཁོང་ཚོར་སྡོད་གནས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་སྐོར་ཁས་ལེན་གནང་ཡོད་པ་རེད་ སྲིད་བློན་མན་མོ་ཧན་སིང་མཆོག་སྲིད་བློན་གྱི་ལས་དུས་དེ་དཀྱིལ་ཙམ་ལ་སླེབས་པའི་དུས་སྐབས་དེར་རྒྱ་གར་གྱི་ཕྱོགས་འགལ་ཚོགས་པ་ཁག་དང་གསར་འགྱུར་བརྒྱུད་ལམ་ནང་ཁོང་གི་གཞུང་གི་ཕྱག་ལས་གནང་ཕྱོགས་དེར་དམིགས་ཡུལ་ངེས་ཅན་ཞིག་མེད་པའི་ཚོར་སྣང་དང་དེ་སྔོན་ཁས་ལེན་གནང་བའི་ལས་གཞི་ཁག་ལག་བསྟར་དོན་འཁྱོལ་ཡོང་གི་མེད་པའི་སྐྱོན་བརྗོད་གནང་གི་ཡོད་པ་རེད་ ཁོང་གི་འདས་ཟིན་པའི་གཞུང་འཛིན་གྱི་ལོ་དུས་དེར་ཀོང་རེ་སི་ཚོགས་པ་མ་ཟད་གཞུང་ནང་ལྐོག་ཟ་རུལ་སུངས་ཀྱི་་དཀའ་རྙོག་ཁག་ཅིག་ལ་གདོང་ལེན་གནང་དགོས་པའི་དུས་སྐབས་ཤིག་བྱུང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎