སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་གསར་ཚེས་ལ་འཚམས་འདྲི་གནང་བ།
ཕྱི་ལོ་ ༢༠༢༤ ཕྱི་ལོ་གསར་ཚེས་ཉིན་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པའི་དུས་སྐབས་དང་། གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཆོས་སྩལ་གནང་སྐབས་སུ་དབུས་བོད་མིའི་སྒྲིག་འཛགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་བཅས་པ་ཆེད་བཅར་ཞུས་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ངོ་དེབ་ཐོག གནས་མཆོག་རྡོ་རྗེ་གདན་ནས་ཕྱི་ལོ་གསར་ཚེས་ཀྱི་འཚམས་འཕྲིན་གནང་ཡོད་པ་དེའི་ནང་། ཕྱི་ལོ་ ༢༠༢༤ ལོ་གསར་པ་འདིའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་གཞི་མཐའ་དག་ལྷུན་གྱི་འགྲུབ་པ་དང་། བོད་གངས་ཅན་ལྗོངས་དང་འཛམ་གླིང་ནང་ཞི་བདེ་དང་བདེ་སྐྱིད་ཀྱི་ཉི་མ་ཤར་བའི་སྨོན་འདུན་གནང་ཞིང་། འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ཀྱི་ཐོག་ནས་འཆམ་མཐུན་ཡོང་རྒྱུར་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་ཡོང་བའི་སྨོན་འདུན་དང་གནས་མཆོག་རྡོ་རྗེ་གདན་ནས་འཚམས་འདྲི་ཞུ་གི་ཡོད་ཅེས་བཀོད་གནང་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།