སྲིད་སྐྱོང་མཆོག་ཉི་ཧོང་རྒྱལ་བོའི་དྲན་རྟེན་མཆོད་ཁང་དུ་ཕེབས་འདུག


2017.02.16
སྲིད་སྐྱོང་མཆོག་ཉི་ཧོང་རྒྱལ་བོའི་དྲན་རྟེན་མཆོད་ཁང་དུ་ཕེབས་སྐབས། ༢༠༡༧།༢།༡༥ སྲིད་སྐྱོང་མཆོག་ཉི་ཧོང་རྒྱལ་བོའི་དྲན་རྟེན་མཆོད་ཁང་དུ་ཕེབས་སྐབས། ༢༠༡༧།༢།༡༥
Sikyong/FB

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཉི་ཧོང་གི་རྒྱལ་ཐོག་༡༢༢་པ་Meiji་དྲན་རྟེན་མཆོད་ཁང་དུ་མཚམས་གཟིགས་ཕེབས་འདུག
དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཚེས་༡༥་ཉིན་ཉི་ཧོང་གི་རྒྱལ་ཐོག་༡༢༢་པ་(Meiji)་དང་ཁོང་གི་སྐུ་ཟླ་རྒྱལ་མོ་(Shoken)གཉིས་ལ་དྲན་རྟེན་ཆེད་དུ་བཞེངས་པའི་ཉི་ཧོང་ཡུལ་གྱི་གདོད་མའི་ཆོས་ལུགས་ཤིན་ཏོའི་མཆོད་ཁང་དུ་ཕེབས་ཡོད་པ་དང་། སྐབས་དེར་མཆོད་ཁང་དེའི་དབུ་ལྷ་(Najima Shotaro)མཆོག་གིས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་སྦྲགས་སྲིད་སྐྱོང་མཆོག་དབུ་བླ་Shotaro་མཆོག་དང་ཁོང་གི་སྐུ་འཁོར་དགེ་འདུན་པ་ཚོས་གཙོ་སྐྱོང་གནང་པའི་ཤིན་ཏོ་མཆོད་འབུལ་སྨོན་ལམ་གྱི་མཛད་སྒོ་ཞིག་གི་སྟེང་ལྷན་ཞུགས་གནང་ཡོད་འདུག་ལ་དབུ་བླ་Shotaro་མཆོག་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་མཆོད་ཁང་དེའི་གནས་བཤད་གནང་འདུག
རྒྱལ་པོ་Meiji་ནི་སྤྱི་ལོ་༡༩༡༢་དང་། རྒྱལ་མོ་Shoken་ནི་༡༩༡༤་ལོར་སྐུ་གྲོངས་ཡོད་ཅིང་། མི་དམངས་ནས་ཁོང་རྣམ་གཉིས་ལ་རྗེས་དྲན་ཞུས་ཆེད་ཉི་ཧོང་དང་ཕྱིའི་རྒྱལ་ཁབ་ཀྱི་ས་ཕྱོགས་གང་ས་ནས་ཤིང་སྣ་ཆིག་འབུམ་ཙམ་ཞལ་འདེབས་ཕུལ་ཡོད་པ་དེ་དག་མཆོད་ཁང་དེའི་མཐའ་མཚམས་སུ་འདེབས་འཛུགས་གནང་ཡོད་པ་རེད།
ཐེངས་འདིར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་Meiji་མཆོད་ཁང་དུ་མཚམས་གཟིགས་ཕེབས་བསྐྱོད་འདི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་པའི་སྐོར་ཀྱི་དངོས་བྱུང་གློག་བརྙན་ཞིག་གི་འཁྲབ་ཁྲིད་པ་སྐུ་ཞབས་Jin Tatsumura་ཞུ་བས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་ཅིང་། སྲིད་སྐྱོང་མཆོག་དང་ལྷན་དུ་ཉི་ཧོང་བོད་ཀྱི་དོན་གཅོད་ལུང་རྟོགས་མཉམ་བཅར་ཞུས་ཡོད་འདུག
སྲིད་སྐྱོང་མཆོག་གི་མཚམས་གཟིགས་དེ་ཕེབས་གྲུབ་རྗེས་མེ་འཁོར་བརྒྱུད་Osaka་གྲོང་ཁྱེར་དུ་བོད་དོན་ཆེད་གཏམ་བཤད་ཞིག་སྤེལ་རྒྱུའི་ཆེད་དུ་ཕེབས་ཡོད་འདུག་ལ། དེ་མཚམས་ཡང་Nishi Honganji་ཟེར་བའི་མཆོད་ཁང་ཞིག་ལའང་མཚམས་གཟིགས་ཕེབས་ཡོད་འདུག
མཆོད་ཁང་དེ་ནི་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་སྐུ་དུས་སུ་ཕྱི་ལོ་ ༡༩༠༨་གྱི་ནང་བོད་དང་འབྲེལ་བ་ཡོད་པ་ཞིག་ཡིན་འདུག  
འདི་ཚེས་༡༣་རེས་གཟའ་ཟླ་བའི་ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་གཙོ་བོར་གྱུར་བའི་ཉི་ཧོང་གི་ཕྱི་འབྲེལ་སྲིད་བྱུས་སློབ་སྟོན་པ་སོགས་གནད་ཡོད་མི་སྣ་༧༠་ལྷག་ཙམ་ལ་གསུང་བཤད་གནང་སྐབས་རྒྱ་ནག་གཞུང་གིས་ད་བར་བོད་ནང་གི་དགོན་པ་བརྒྱ་ཆ་༩༨་རྩ་གཏོར་བཏང་བ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དུས་དང་རྣམ་པ་ཀུན་ཏུ་མཚན་དམོད་མུ་མཐུད་ཞུ་བཞིན་པར་བརྟེན་རྒྱ་ནག་སྲིད་གཞུང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་༡༤་པ་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་འཆར་གཞིར་ཆ་འཇོག་དང་། ཡིད་ཆེས་བྱེད་ཐུབ་ཡག་རྩ་བ་ནས་མེད་པའི་སྐྱོན་བརྗོད་ཤུགས་ཆེ་གནང་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱོད་དང་། རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎