སུད་ཝེ་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུའི་ཞལ་བཞེས་གནང་ཡོད་འདུག

2022.10.18
སུད་ཝེ་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུའི་ཞལ་བཞེས་གནང་ཡོད་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་སུད་ཝེ་ཌན་གྲོས་ཚོགས་འཐུས་མི་ལྕམ་(Ann-Sofie Alm)་ལགས་གཉིས་མཇལ་མོལ་རྗེས། ༢༠༢༢།༡༠།༡༨
CTA

སྲིད་སྐྱོང་མཆོག་གིས་སུད་ཝེ་ཌན་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་སྐབས་ཁོང་རྣམ་པས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུ་དང་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུང་འདུག
སྲིད་སྐྱོང་མཆོག་(Sweden)་ནང་ཉིན་གཉིས་རིང་གི་གཞུང་དོན་ཕྱོགས་ཕེབས་བསྐྱངས་རིང་། སུད་ཝེ་ཌན་གྲོས་ཚོགས་འཐུས་མི་དང་། གཞུང་འཛིན་མི་སྣ། ཉམས་ཞིབ་བསྟི་གནས་ཁང་དང་། གསར་འགོད་པ། རྒྱལ་སྤྱིའི་ཡར་རྒྱས་ཚོགས་པ་དང་དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་ས་གནས་བོད་མི་བཅས་དང་མཇལ་འཕྲད་གནང་ནས་ཚེས་༡༨ཉིན་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་འགྲུབ་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ལྟར་ན། ཚེས་༡༨ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སུད་ཝེ་ཌན་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་ལྕམ་(Ann-Sofie Alm)་ལགས་དང་མཇལ་མོལ་གནང་བ་དང་། ཚེས་༡༧ཉིན་སུད་ཝེ་ཌན་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་ལྕམ་(Margareta Cederfelt)་ལགས་དང་མཇལ་འཕྲད་གནང་ནས། སྲིད་སྐྱོང་མཆོག་གིས་བོད་ནང་རྒྱ་ནག་གཞུང་གིས་དྲག་རྩུབ་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐབས་སུ། སུད་ཝེ་ཌན་གཞུང་དང་ཡོ་རོབ་མཐུན་ཚོགས་ཐུན་མོང་གིས་ལས་དོན་སྤེལ་ཕྱོགས་ཐད་གྲོས་བསྡུར་གནང་ཡོད་འདུག
སྲིད་སྐྱོང་མཆོག་གི་ངོ་དེབ་སྟེང་། སུད་ཝེ་ཌན་གྱི་གཞུང་འཛིན་གསར་པ་སླེབས་ཙམ་ཡིན་པས། གཞུང་དོན་ལས་བྲེལ་ཆེ་ཡང་གྲོས་ཚོགས་འཐུས་མི་རྣམ་པ་གཉིས་ཀྱི་ངོས་ནས་ཆུ་ཚོད་གཅིག་ལྷག་རིང་མཇལ་མོལ་གནང་བ་མ་ཟད། མཇལ་འཕྲད་སྐབས་སོ་སོར་ཁོང་རྣམ་པས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུ་དང་། བོད་དོན་ཐོག་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་འཁོད་འདུག
སྲིད་སྐྱོང་མཆོག་གིས་སུད་ཝེ་ཌན་གྲོས་ཚོགས་ཀྱི་འཐུས་མི་དང་མཇལ་འཕྲད་སྐབས། དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་། སུད་ཝེ་ཌན་བོད་ཀྱི་ཚོགས་པའི་ཚོགས་གཙོ་(Mattias Bjornerstedt)་ལགས། སུད་ཝེ་ཌན་བོད་རིགས་ཚོགས་པའི་ཚོགས་གཙོ་རིག་འཛིན་མཚོ་མོ་ལགས་བཅས་ལྷན་བཅར་ཞུས་ཡོད་འདུག
གཞན་ད་རེས་ཀྱི་ཕྱོགས་ཕེབས་སྐབས་སྲིད་སྐྱོང་མཆོག་གིས་(SOIR-IM)་ཞེས་པའི་(Sweden)་བོད་ཀྱི་རོགས་ཚོགས་ཀྱི་ཚོགས་གཞོན་(Olena Rogozina)་ལགས་ལྷན་དུ་ཆུ་ཚོད་གཅིག་ལྷག་རིང་མཇལ་མོལ་གནང་བ་དང་། གཞན་སུད་ཝེ་ཌན་ནང་གྲགས་ཆེ་བའི་རླུང་འཕྲིན་ཁང་ཞིག་གི་བཅར་འདྲི་དང་ལེན་གནང་། ད་དུང་སིད་ཝེ་ཌན་གྱི་ས་གནས་བོད་མི་དང་བོད་ཀྱི་གྲོགས་པོ། བོད་དོན་རྒྱབ་སྐྱོར་བ་བཅས་དང་མཇལ་འཕྲད་གནང་ཡོད་འདུག
དེའི་ཐད་དེ་སྔའི་སུད་ཝེ་ཌན་བོད་རིགས་ཚོགས་པའི་ཚོགས་གཙོ་ཟུར་པ་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་ན། སྲིད་སྐྱོང་མཆོག་གིས་བོད་མི་དང་ལྷག་དོན་གཞོན་སྐྱེས་ཚོར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྦྱང་ཀློག་གིས་ཤེས་པར་གྱིས་ནས་ཕྱིའི་མི་ལ་ཐེ་ཚོམ་མེད་པར་བཤད་ནས་ངོ་སྤྲོད་ཐུབ་པ་དགོས་བ་དང་། བོད་མི་མི་རེ་ངོ་རེ་ནས་བོད་དོན་ཐད་འགན་བླངས་ནས་ལས་ཀ་བྱེད་དགོས་པ། ཚང་མས་མཐུན་ལམ་བྱེད་དགོས་བ་སོགས་གཏམ་བཤད་སྐབས་ནན་བརྗོད་གནང་བ་ངོ་སྤྲོད་གནང་བྱུང་།
ཕྱི་ཚེས་༡༧ཉིན་སྲིད་སྐྱོང་མཆོག་གིས་(Sweden)་གྲོས་ཚོགས་དང་། (Stolkhom)་གྲོང་ཁྱེར་དུ་ཡོད་པའི་གྲགས་ཆེ་བའི་བསམ་མཛོད་བསྟི་གནས་ཁང་དུ་གསུང་བཤད་གནང་ཡོད་འདུག

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎