དུས་འཁོར་དབང་ཆེན་གྱི་གྲ་སྒྲིག་ལས་དོན།


2016.12.15
དུས་འཁོར་དབང་ཆེན་གི་གྲ་སྒྲིག་ལས་དོན། དཔལ་ལྡན་སྲིད་སྐྱོང་མཆོག་དུས་འཁོར་དབང་ཆེན་གྲ་སྒྲིག་གི་ལས་དོན་ལ་གཟིགས་ཞིབ་གནང་བར་ཕེབས་པ།
བོད་མིའི་སྒྲིག་འཛུགས།

༄༅༎དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྲ་སྒྲིག་གི་ལས་དོན་ལ་གཟིགས་ཞིབ་ཞིབ་གནང་ཕྱིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ཚེས་༡༤ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་འབྱོར་གནང་བཞག
སྲིད་སྐྱོང་མཆོག་Gaya གནམ་ཐང་དུ་ཕེབས་འབྱོར་སྐབས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་དང་ Mahabodhi ཚོགས་པའི་དྲུང་ཆེ་རྒྱ་གར་གཞུང་གི་གཞུང་ཞབས་ཟུར་པ་སྐུ་ཞབས་རྣམ་སྲས་རྡོ་རྗེ་ལགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག  ཚེས་༡༤ཉིན། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་གོ་སྒྲིག་དང་འབྲེལ་བའི་ལས་དོན་ཆེད་ཕྱོགས་ཕེབས་གནང་པ་ལྟར། དུས་དབང་གོ་སྒྲིག་དང་འབྲེལ་བའི་ལས་གཞི་སྣ་མང་ཐོག་གཟིགས་ཞིབ་གནང་བ་མ་ཟད། Gaya ས་གནས་རྫོང་དཔོན་དང་།ཉེན་རྟོག་སྤྱི་ཁྱབ་སོགས་དང་མཇལ་འཕྲད་གནང་སྟེ་ས་གནས་རྫོང་ལས་ཁུངས་ལ་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་རེ་འདུན་བཏོན་པ་རྣམས་མཇུག་སྐྱོང་དང་འབྲེལ་བའི་གནད་དོན་སོགས་གོ་བསྡུར་ལྷུག་པོ་གནང་འདུག་ལ་སྐབས་དེར་ས་གནས་དཔོན་རིགས་རྣམ་པས་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་དེ་སྔ་༸རྒྱལ་བའི་སྐུ་ཕྱ་དང་། མང་ཚོགས་ཀྱི་ཆུ་དང་གློག་དེ་བཞིན་སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་གནས་སྟངས་ཐད་གོ་བསྡུར་གནང་འདུག  དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐོག་མར་༸རྒྱལ་བའི་ཕོ་བྲང་དུ་ཕེབས་ནས་ཕོ་བྲང་གི་ཕྱི་ནང་བཀོད་པ་རྣམས་ཚགས་ཚུད་ཡོད་མེད་ཞིབ་ཚགས་ཐོག་གཟིགས་ཞིབ་གནང་ པ་དང་། དེ་རྗེས་ཆོས་ཞུ་བ་དེབ་འགོད་བྱེད་ཡུལ་དང་།  གསུང་ཆོས་རྭ་བའི་ནང་ཆོས་ཞུ་བའི་སྡོད་གུར་དང་མི་མང་གི་གསང་སྤྱོད།  ཐབ་ཚང་སོགས་ཀྱི་གནས་སྟངས་ཐད་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་དང་ལྷན་འདྲི་རྩད་གནང་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎