སྲིད་སྐྱོང་མཆོག་ལ་སློབ་གྲྭའི་གཙོ་འཛིན་གཟེངས་རྟཊ་མཐོ་ཤོས་ཕུལ་བ།


2015.10.14
སྲིད་སྐྱོང་མཆོག་ལ་ཨ་རིའི་(Salisbury)གཙུག་ལག་སློབ་གྲྭས་སློབ་གྲྭ་དེའི་གཙོ་འཛིན་གཟེངས་རྟགས་མཐོ་ཤོས་དེ་ཕུལ་སྐབས། ༢༠༡༥།༡༠།༡༣ སྲིད་སྐྱོང་མཆོག་ལ་ཨ་རིའི་(Salisbury)གཙུག་ལག་སློབ་གྲྭས་སློབ་གྲྭ་དེའི་གཙོ་འཛིན་གཟེངས་རྟགས་མཐོ་ཤོས་དེ་ཕུལ་སྐབས། ༢༠༡༥།༡༠།༡༣
སྲིད་སྐྱོང་ངོ་དེབ།

སྲིད་སྐྱོང་མཆོག་ལ་ཨ་རིའི་(Salisbury)གཙུག་ལག་སློབ་གྲྭས་སློབ་གྲྭ་དེའི་གཙོ་འཛིན་གཟེངས་རྟགས་མཐོ་ཤོས་དེ་ཕུལ་འདུག
དེ་ཡང་ཕྱི་ཚེས་༡༣ཉིན་ཨ་རིའི་Marylandམངའ་སྡེའི་ནང་ཆགས་པའི་Salisburyགཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་ཆེན་མོའི་ནང་། དགེ་ལས་སློབ་ཕྲུག་དང་། ཕྱི་ནང་གི་སྐུ་མགྲོན་བཅས་པ་ལྷན་འཛོམས་ཀྱི་མཛད་སྒོའི་ཐོག གཙུག་ལག་སློབ་གྲྭའི་ངེས་སྟོན་པ་ལྕམ་སྐུ་Dr. Janet Dudley-Eshbachཡིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་Presidential Medalའམ་གཙུག་ལག་སློབ་གྲྭའི་གཟེངས་རྟགས་མཐོ་ཤོས་གཙོ་འཛིན་གྱི་གཟེངས་རྟགས་ཕུལ་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་གཟེངས་རྟགས་འདི་བཞིན་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་བྱ་དགའ་ངོས་འཛིན་ཞུ་གིན་ཡོད་སྐོར་གསུངས་གནང་འདུག སྲིད་སྐྱོང་མཆོག་གིས་རྟགས་མ་བཞེས་པའི་གསུངས་བཤད་ནང་། འདི་ལྟ་བུའི་རྟགས་མ་བཞེས་རྒྱུའི་འོས་ཆོས་ཚང་བ་ཞིག་གཟིགས་ཀྱི་མེད་ཀྱང་བོད་མི་ཚོས་བདེན་པའི་འཐབ་རྩོད་བྱེད་བཞིན་པའི་སྐབས་འདིར་སྲིད་སྐྱོང་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འདི་འདྲ་ཞིག་གནང་བ་དེས་བོད་ཀྱི་བདེན་པའི་འཐབ་རྩོད་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཅས་པར་འཛམ་གླིང་ཕྱི་ཕྱོགས་ནས་རྒྱབ་སྐྱོར་ཡོད་པ་དེ་གཞིས་ལུས་བོད་མི་རྣམས་ལ་བརྡ་ལན་གསལ་རྟོགས་ཐུབ་ཀྱི་ཡོད་ལུགས་གསུངས་གནང་འདུག
དེ་བཞིན་ཡང་གཟེངས་རྟགས་བཞེས་པའི་གསུང་བཤད་སྐབས་སྲིད་སྐྱོང་མཆོག་གིས། བོད་མིའི་དབུ་འཁྲིད་༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་མང་གཙོའི་ལམ་བཟང་སྲོལ་སྩལ་མཛད་པའི་ཐུགས་ཀྱི་འཆར་སྣང་དང་། ༧གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་བཟང་སྤྱོད་དང་འབྲེལ་བའི་བྱམས་བརྩེ་དང་བཟོད་བསྲན་སོགས་བཟང་པོའི་རིན་ཐང་གོང་མཐོར་གཏོང་གནང་མཛད་པའི་མཛད་རྗེས་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུས་པའི་ཐོག་གཟེངས་རྟགས་དང་ལེན་ཞུ་གིན་ཡོད་པ་ནན་བརྗོད་གནང་འདུག
གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ཕྱི་ནང་སྐུ་མགྲོན་ཁོངས་སུ་རྒྱ་གར་གྱི་མེས་པོ་དམ་པ་Gandhiཡི་རྗེས་ཤུལ་Arun Gandhiཆེད་ཕེབས་གནང་ཡོད་པ་མ་ཟད། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨབ་རི་ཀའི་ཡི་ཤུའི་ཆོས་དཔོན་Tutuམཆོག་ནས་ཀྱང་སྲིད་སྐྱོང་མཆོག་ལ་བརྙན་འཕྲིན་བརྒྱུད་མཚམས་འདྲིའི་གསུངས་འཕྲིན་ཞིག་ཀྱང་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎