སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་གཞུང་དོན་གཟིགས་སྐོར་གནང་བཞིན་པ།

2022.04.09
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་གཞུང་དོན་གཟིགས་སྐོར་གནང་བཞིན་པ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་གཞུང་དོན་གཟིགས་སྐོར་གནང་བཞིན་པ།
Photo: RFA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཚེས་ ༨ ཉིན་རྒྱ་གར་དབུས་ཁུལ་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་གཞུང་དོན་འཚམས་གཟིགས་སུ་ཕེབས་སྐབས་མངའ་སྡེའི་རྒྱལ་ས་ Bhubaneshwar གནམ་ཐང་དུ་གཞིས་ཆགས་ཀྱི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་གཞིས་འགོ་དང་མཉམ་འབྲེལ་དྲུང་ཆེ་སོགས་ཀྱི་གཙོས་པའི་ས་གནས་ཀྱི་བོད་མིའི་དཔོན་རིགས་རྣམས་ཀྱིས་ཕེབས་བསུ་ཞུས་ཡོད་པ་དང་།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་མ་ཕེབས་གོང་རྒྱལ་ས་ Bhubaneshwar རུ་བཙན་བྱོལ་བོད་མི་རྣམས་ལ་རྒྱུན་རིང་ནས་རོགས་རམ་གནང་མཁན་སྐུ་ཞབས་ S.P. Thakur མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད། སྲིད་སྐྱོང་མཆོག་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་ཉིན་གཉིས་བཞུགས་རྒྱུན་རིང་ས་གནས་ཀྱི་དགོན་སྡེ་ཁག་དང་། སློབ་གྲྭ་ཁག རྒན་གསོ་ཁང་དང་། སྨན་རྩིས་ཁང་སོགས་པར་གཟིགས་ཞིབ་གནང་བཞིན་ཡོད་པ་དང་། དེ་བཞིན་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་མི་མང་དང་ལྷག་པར་དུ་གཞིས་ཆགས་ཀྱི་གཞོན་སྐྱེས་རྣམས་དང་ཟུར་དུ་མཇལ་མོལ་གནང་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁ་ཉིན་ཕྱི་ཚེས་ ༦ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༥ བར་རྒྱ་གར་དབུས་ཁུལ་ཨོ་ཌི་ཤ་ཕུན་ཚོགས་གླིང་དང་། མན་སྤར་ཕན་བདེ་གླིང་དང་། བྷན་རྡ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་བཅས་པར་གཞུང་འབྲེལ་འཚམས་གཟིགས་གནང་བར་ཕེབས་ཡོད་པ་རེད།།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་དང་རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎