སྲིད་སྐྱོང་མཆོག་གིས་ལ་དྭགས་བྱང་ཐང་ཁུལ་དུ་འཚམས་གཟིགས་གནང་བཞིན་འདུག

2024.07.10
སྲིད་སྐྱོང་མཆོག་གིས་ལ་དྭགས་བྱང་ཐང་ཁུལ་དུ་འཚམས་གཟིགས་གནང་བཞིན་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བྱང་ཐང་ཁུལ་དུ་འཚམས་གཟིགས་གནང་བཞིན་པ། ༠༧།༡༠།༢༠༢༤
འཕྲིན་ལས་ཆོས་སྒྲོན།/RFA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལ་དྭགས་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། འདི་ཚེས་༡༠ཉིན་སྲིད་སྐྱོང་མཆོག་གིས་ལ་དྭགས་བྱང་ཐང་ཁུལ་གྱི་འཚམས་གཟིགས་དེ་ལ་བྱང་ཉོ་མ་ནས་འགོ་འཛུགས་གནང་སོང་ལ།
ལ་བྱང་ཉོ་མ་ལ་རོབ་རྩིས་བྱས་ན་ས་གནས་སུ་གནས་སྡོད་བོད་པའི་དུད་ཁྱིམ་༣༠ལྷག་དང་བོད་མི་གྲངས་༢༢༠ལྷག་ཡོད་པ་རེད་འདུག

Sikyong Penpa Tsering met local dignitaries in Jangthang Nyoma Ladakh (4).JPG
སྲིད་སྐྱོང་མཆོག་བྱང་ཐང་ཉོ་མར་ཕེབས་འབྱོར་བྱུང་མ་ཐག་ཉོ་མ་གཞིས་ཆགས་དང་། ལ་དྭགས་བོད་ཁྱིམ་ཡན་ལག་ཉོ་མ་སློབ་གྲྭར་འཚམས་གཟིགས་གནང་བ་དང་། སློབ་གྲྭའི་ལས་བྱེད་དགེ་སློབ་ཡོངས་ལ་བོད་དོན་གསུང་བཤད་གནང་བ་དང་དམིགས་བསལ་སློབ་གྲྭའི་ལས་བྱེད་རྣམསཀྱིས་ཕྱག་ལས་ཧུར་ཐག་ཡག་པོ་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་གནང་སོང་། ཡང་སྲིད་སྐྱོང་མཆོག་གིས་ལ་བྱང་ཉོ་མའི་བོད་མི་རྣལས་ལ་གསུང་བཤད་གནང་སྐབས། ད་ལྟའི་བོད་ཕྱི་ནང་གི་གནས་སྟངས་དང་བོད་དོན་བདེན་མཐའ་སེལ་ཐབས་གཙོས་ས་གནས་ཀྱི་བོད་མི་རྣམས་ཀྱི་བདེ་སྡུག་དང་འབྲེལ་ཡོད་གསུངས་བཤད་གནང་བ་དང་། གཞིས་མིའི་བདེ་སྡུག་སྙན་སེང་ཞུས་བ་ཁག་ལ་རྒྱུས་ལོན་གསན་བཞེས་གནང་ཡོད་པ་རེད།

Sikyong Penpa Tsering met local dignitaries in Jangthang Nyoma Ladakh (1).JPG
ཡང་སྲིད་སྐྱོང་མཆོག་ལ་བྱང་ཉོ་མ་འཚམས་གཟིགས་ལ་ཕེབས་པའི་སྐབས་དམིགས་བསལ་དུ་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ལ་བྱང་ཉོ་མ་ཁུལ་གྱི་སྤྱི་འཐུས་ཡེ་ཤེས་དཔལ་བཟང་གཙོས་ས་གནས་ཀྱི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་སོང་། སྤྱི་འཐུས་ཡེ་ཤེས་དཔལ་བཟང་ལགས་ཀྱིས་སྲིད་སྐྱོང་མཆོག་མཇལ་འཕྲད་གནང་བར་དགའ་སྤྲོ་དང་མཉམ་ཁོང་གིས་ལ་བྱང་ཉོ་མའི་བོད་མི་རྣམས་ལ་ཡུལ་བ་གཅིག་འཚུངས་དུ་ངོས་འཛིན་གྱི་མུ་མཐུད་རོགས་སྐྱོར་གནང་རྒྱུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་གནང་བྱུང་།

Sikyong Penpa Tsering met local dignitaries in Jangthang Nyoma Ladakh (1).png
སྲིད་སྐྱོང་མཆོག་གིས་ཕྱི་ཟླ་༧པའི་ཚེས་༡༡ཉིན་བྱང་ཐང་གུ་ཡུལ་དང་། བཀག་གཞུང་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་དང་། རིམ་པས་བོད་མི་གནས་ཡུལ་བྱང་ཐང་ས་ཁུལ་ཁག་ཚང་མར་འཚམས་གཟིགས་གནང་འཆར་འདུག དེ་ནས་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་མཇལ་བཅར་ཞུ་རྒྱུ་དང་། མཛད་རིམ་གཞན་ཁག་ཅིག་གི་ཆེད་ཕྱི་ཟླ་༧པའི་ཚེས་༡༨ནས་ཟླ་༨ཚེས་༤བར་ཨ་མི་རི་ཀར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎