སྲིད་སྐྱོང་མཆོག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་ནང་གི་གཞུང་དོན་ཕྱོགས་བསྐྱོད་འགྲུབ་འདུག

2023.10.12
སྲིད་སྐྱོང་མཆོག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་ནང་གི་གཞུང་དོན་ཕྱོགས་བསྐྱོད་འགྲུབ་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་མེག་སི་ཀོ་(Mexico)་འཚམས་གཟིགས་སྐབས། ༡༠།༡༡།༢༠༢༣
CTA

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ཟླ་༡༠བའི་ཚེས་༡ནས་༡༢བར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་བྷ་ར་ཛིལ་(Brazil)་དང་། ཀོསུ་ཊ་རི་ཀ་(Costa Rica) ཀོ་ལོམ་བྷི་ཡ་(Colombia)་དང་། གཞན་མེག་སི་ཀོ་(Mexico)་བཅས་ཀྱི་ནང་གཞུང་དོན་འཚམས་གཟིགས་ལེགས་པར་འགྲུབ་ནས་ད་ལྟ་ཨ་མི་རི་ཀའི་ནང་ཕེབས་བཞིན་པ་རེད།
ལྷོ་ཨ་མི་རི་ཀའི་ཁུལ་གྱི་བོད་ཀྱི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྲིང་སྐྱོང་མཆོག་གིས་གཞུང་དོན་ཕྱོགས་བསྐྱོད་གནང་ཡུལ་མཐའ་མ་མེག་སི་ཀོའི་(Mexico)་ནང་། མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་ཚོགས་གཞོན་གཙོས་འཐུས་མི་ཁག་དང་། བོད་དོན་རྒྱབ་སྐྱོར་བ་བཅས་དང་ཁག་སོ་སོར་མཇལ་མོལ་གནང་བ་དང་། མཐོ་སློབ་ཁག་ནང་བོད་དོན་གཏམ་བཤད་གནང་བ། ཨ་རྟི་སོར་ཞེས་པའི་སྒེར་གྱི་གཙུག་ལག་སློབ་གཉེར་ཁང་དུ་ཡོད་པའི་དགེ་སློབ་མང་པོ་ཞིག་འདུ་འཛོམས་སར། བོད་དོན་གཏམ་བཤད་དང་། སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་དགོངས་གཞི་གསལ་སྟོན་གནང་ཡོད་པ་རེད་འདུག

Sikyong Penpa Tsering in Guadalajara, Jalisco (2).jpg
དེའི་རྗེས་མེག་སི་ཀོའི་(Guadalajara)་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དབུས་པའི་འབྲེལ་ཡོད་ལས་བྱེད་ཚོར་ཉིན་གུང་གི་གསོལ་ཚིགས་འདེགས་འབུལ་གནང་བ་དང་སྟབས་བསྟུན་གྱིས་ལྷན་འཛོམས་མཇལ་མོལ་དང་བོད་དོན་ཐད་གནས་ཚུལ་བརྗེ་རེས་གནང་ཡོད་པ་རེད། (State Library of Jalisco ‘Juan Jose Arreola)་དུ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་ཀྱི་རིག་གཞུང་ཐད་གཏམ་བཤད་གནང་། དེ་ནས་བོད་ཁང་(Casa Tibet Guadalajara)་ནས་གོ་སྒྲིག་གནང་བའི་བརྙན་པར་འགྲེམས་སྟོན་ལ་གཟིགས་ཞིབ་དང་། ཉིན་རྒྱབ་(ITESCO)་གཙུག་ལག་སློབ་ཁང་དུ་བོད་དོན་གཏམ་བཤད་སོགས་གནང་ཡོད་འདུག
ཕྱི་ཚེས་༡༢་ཉིན་སྲིད་སྐྱོང་མཆོག་བྱང་ཨ་མི་རི་ཀའི་ནང་གཞུང་འབྲེལ་ཕྱོགས་ཕེབས་ཆེད་ཕེབས་ཐོབ་གནང་ཡོད་པ་དང་། ཨ་རིའི་ནང་དེ་སྔ་མ་བཅར་སའི་ཨ་རིའི་མངའ་སྡེ་འདྲ་མིན་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་གཟིགས་ཞིབ་དང་། ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་། ཕྱི་སྲིད་ལས་ཁུངས་དང་། ཕོ་བྲང་དཀར་པོ་བཅས་ཀྱི་འབྲེལ་ཡོད་མི་སྣ་དང་ཐུག་འཕྲད་མཇལ་འཛོམས་གནང་རྒྱུ་དང་། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་དང་། གཙུག་ལག་སློབ་གྲྭ་ཁག་བཅས་སུ་ཕེབས་རྒྱུའི་མཛད་རིམ་ཡོད་འདུག ཟླ་བ་འདིའི་ཚེས་༡༧ཉིན་ཨ་རིའི་གྲོས་ཚོགས་ཀྱི་(Rayburn House office Building)་ཀྱི་ཚོགས་ཁང་ཞིག་གི་ནང་སྲིད་སྐྱོང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་(Richard Gere)་རྣམ་གཉིས་དབུ་བཞུགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་ནས་ལོ་ངོ་༡༦འཁོར་བའི་དུས་དྲན་མཛད་སྒོ་འཚོགས་རྒྱུ་ཡིན་འདུག
ཡང་ཚེས་༡༨ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སར་ཨ་རིའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སུ་བོད་དོན་གཏམ་བཤད་གནང་གཏན་འཁེལ་ཡོད་འདུག།


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎