སྲིད་སྐྱོང་མཆོག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཀོ་ལོམ་བྷིས་ཡའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག

2023.10.05
སྲིད་སྐྱོང་མཆོག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཀོ་ལོམ་བྷིས་ཡའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཀོ་ལོམ་བྷིས་ཡའི་ནང་ཕེབས་ནས་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༡༠།༠༥།༢༠༢༣
CTA

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་བཞིའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ་ལྟར། སྤྱི་ཟླ་༡༠བའི་ཚེས་༥ཉིན་ཀོ་ལོམ་བྷིས་ཡའི་(Colombia)་རྒྱལ་ས་སྦོ་ཀོ་ཊར་(Bogota)་ཕེབས་འབྱོར་བྱུང་ཡོད་པ་དང་། གནམ་ཐང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་བོད་དང་ཀོ་ལོམ་བྷེས་ཡ་གྲོགས་པོ་ཚོགས་པའི་ཚོགས་གཙོ་(Claudia Bonitto)་དང་ཁོང་གི་སྐུ་ཟླ་གཉིས་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་ཁག་གིས་དགའ་བསུ་སྣེ་ལེན་ཞུས་རྗེས། ཀོ་ལོམ་བྷིས་ཡའི་ནང་གི་མཛད་འཆར་གྱི་ཐོག་མར། ཀོ་ལོམ་བྷིས་ཡ་རྒྱལ་ཡོངས་ཀྱི་རླུང་འཕྲིན་ཁང་ཆེ་ཤོས་ཕཱ་ར་ཀོལ་ལཱ་ཊ་བྷོལ་རླུང་འཕྲིན་ཁང་གིས་བོད་དོན་དང་འབྲེལ་བའི་གནད་དོན་སྐོར་ཆུ་ཚོད་སྐར་མ་༤༥འི་རིང་བཅར་འདྲི་གནང་ཡོད་པ་དང་། དེ་མིན་ཀོ་ལོམ་བྷིས་ཡའི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གཉིས་ཀྱིས་བོད་དོན་སྐོར་དང་དེ་མིན་བོད་ཀྱི་ཁོར་ཡུག་དང་སྲོག་ཆགས་སོགས་སྐྱེ་ཁམས་སྐོར་དང་། བོད་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་ཕྱོགས། བོད་ནང་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་སྐོར་སོགས་བགྲོ་གླེང་གནང་ཡོད་པ་རེད། དེ་ནས་ཡང་ཀོ་ལོམ་བྷིས་ཡའི་ཚགས་པར་ཁང་ཆེ་ཤོས་ཨང་གཉིས་པས་ཡང་དུས་ཡུན་ཆུ་ཚོད་སྐར་མ ༤༥འི་རིང་བོད་དོན་སྐོར་བཅར་འདྲི་ཞུས་ཡོད་པ་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

sikyong in columbia (1).JPG
རིམ་པས་སྲིད་སྐྱོང་མཆོག་གིས་ཀོསུ་ཊ་རི་ཀ་(Costa Rica)དང་། མེག་སི་ཀོ་(Mexico)་བཅས་ཀྱི་ནང་གཞུང་དོན་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད།
དེ་ནས་སྲིད་སྐྱོང་མཆོག་བྱང་ཨ་རིའི་ནང་གཞུང་དོན་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་ལྟར། བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་གསུངས་ན། ད་རེས་སྲིད་སྐྱོང་མཆོག་བྱང་ཨ་རིར་གཞུང་དོན་ཕྱོགས་ཕེབས་རིང་། དེ་སྔ་བཅར་མེད་སའི་ཨ་རིའི་མངའ་སྡེ་འདྲ་མིན་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་གཟིགས་ཞིབ་དང་། ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་། ཕྱི་སྲིད་ལས་ཁུངས་དང་ཕོ་བྲང་དཀར་པོ་བཅས་ཀྱི་འབྲེལ་ཡོད་མི་སྣ་དང་ཐུག་འཕྲད་མཇལ་འཛོམས་གནང་རྒྱུ་དང་། དེ་བཞིན་བློ་འདོན་ལྟེ་གནས་ཁང་དང་། གསར་འགྱུར་བརྒྱུད་ལམ་ཁག གཙུག་ལག་སློབ་གྲྭ་བཅས་སུ་ཕེབས་རྒྱུའི་མཛད་རིམ་ཡོད་པ་ངོ་སྤྲོད་གནང་བྱུང་།
གནས་ཚུལ་ལྟར་ན། སྤྱི་ཟླ་༡༠བའི་ཚེས་༡༨ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སར་ཨ་རིའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སུ་བོད་དོན་གཏམ་བཤད་གནང་གཏན་འཁེལ་ཡོད་འདུག


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎