སྲིད་སྐྱོང་མཆོག་ནིའུ་ཛི་ལེན་ཌི་དང་ཨོསི་ཊརེ་ལི་ཡའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

2023.06.13
སྲིད་སྐྱོང་མཆོག་ནིའུ་ཛི་ལེན་ཌི་དང་ཨོསི་ཊརེ་ལི་ཡའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས།
CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ནིའུ་ཛི་ལེན་ཌི་དང་ཨོསི་ཊརེ་ལི་ཡའི་ནང་ཉིན་གྲངས་བཅུ་ལྷག་རིང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འདི་ཚེས་༡༣ཉིན་རྒྱབ་ནས་ཚེས་༢༥བར་ནིའུ་ཛི་ལེན་ཌི་(New Zealand)་དང་། ཨོསི་ཊརེ་ལི་ཡའི་(Australia)་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་འགོ་བཙུགས་ཡོད་པ་དང་། དེའི་རིང་ཡུལ་དེ་གཉིས་ཀྱི་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་བོད་དོན་རྒྱབ་སྐྱོར་བ་བཅས་དང་མཇལ་འཕྲད་གནང་རྒྱུ་མ་ཟད། བོད་དོན་གཏམ་བཤད་དང་། ས་གནས་བོད་མི་མང་ཚོགས་ལ་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་མཛད་རིམ་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
ད་ཐེངས་ཀྱི་གཟིགས་སྐོར་སྐབས། ཨོསི་ཊརེ་ལི་ཡའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་(National Press Club of Australia)་ཀྱིས་གདན་ཞུ་ལྟར། འདི་ཚེས་༢༠ཉིན་སྲིད་སྐྱོང་མཆོག་གིས། རྒྱ་བོད་གཉིས་ཀྱི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུའི་ལས་རིམ་གོ་སྒྲིག་ཞུས་ཡོད་པ་དང་། ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱིས་ཁ་བྲལ་གྱི་ལས་འགུལ་སྤེལ་རྒྱུའི་སྡིངས་ཆ་སྤྲད་པ་དེ་ཕྱིར་འཐེན་བྱེད་དགོས་པའི་དགག་པ་བརྒྱབ་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས། ཨོསི་ཊརེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་སུ་བཅར་འདྲི་ཞུས་སྐབས། རྒྱ་ནག་གཞུང་གི་གནོན་ཤུགས་ཡོད་མེད་ལ་མ་བལྟོས་པར་ཨོསི་ཊརེ་ལི་ཡའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་སྲིད་སྐྱོང་མཆོག་གི་གཏམ་བཤད་ལས་རིམ་ཕྱིར་འཐེན་གནང་རྒྱུ་མིན་པ་འགྲེལ་བརྗོད་གནང་ཡོད།།


གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎