སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ནེ་རུ་པ་མ་རའོ་ལགས་དང་མཇལ་མོལ་གནང་འདུག

2024.02.07
སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ནེ་རུ་པ་མ་རའོ་ལགས་དང་མཇལ་མོལ་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སུ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ནེ་རུ་པ་མ་རའོ་ལགས་དང་མཇལ་མོལ་སྐབས། ༠༢།༠༦།༢༠༢༤
CTA

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སུ་གཞུང་དོན་འཚམས་གཟིགས་གནང་བཞིན་པ་ལྟར། ཕྱི་ཚེས་༦་ཉིན་རྒྱ་གར་ལྷོ་ཕྱོགས་བྷེང་གྷ་ལུ་རུ་(Bengaluru)་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་(Nirupama Rao)་ལགས་དང་མཇལ་འཕྲད་ཀྱིས། ད་ལྟའི་བོད་ནང་གི་གནས་སྟངས་དང་རྒྱལ་སྤྱིའི་ནང་བོད་དོན་ལ་རྒྱབ་སྐྱོར་གྱི་གནས་བབ་སོགས་ངོ་སྤྲོད་གནང་བ་དང་འབྲེལ། བོད་དོན་ལ་མུ་མཐུད་དུ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག
དེ་ནས་སྲིད་སྐྱོང་མཆོག་གིས་གྲོང་ཁྱེར་དེའི་ནང་ཡོད་པའི་(Mount Carmel)་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ལས་བྱེད་རྣམས་དང་མཇལ་འཕྲད་བཀའ་མོལ་གནང་རྗེས། དགེ་ལས་སློབ་ཕྲུག་རྣམས་ལ། བོད་དེ་བཞིན་འཛམ་གླིང་གི་ཡང་སྟེང་ཞེས་འབོད་ཀྱི་ཡོད་པ་ལྟར། བོད་མཐོ་སྒང་གི་ཁོར་ཡུག་དང་གནམ་གཤིས། ས་གཤིས། ཆུ་བོ་བཅས་གལ་འགངས་ཆེན་པོ་ཡིན་སྐོར་དང་། འཕགས་བོད་གཉིས་བར་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་ལོ་ངོ་སྟོང་ཕྲག་མང་པོའི་རིང་འབྲེལ་བ་རྒྱུན་རིང་ཡོད་པ་དང་དེའི་ཁོངས་སུ་ཡུལ་གྲུ་གཉིས་བར་ཆོས་དང་རིག་གཞུང་། ས་གཞིའི་ཆགས་སྟངས་སོགས་ཚུད་ཡོད་སྐོར་གསུངས་འདུག་ལ། སྐབས་དེར་སློབ་ཕྲུག་མང་པོས་སྲིད་སྐྱོང་མཆོག་ལ་བོད་དོན་དང་བོད་ཀྱི་ཁོར་ཡུག་སོགས་དང་འབྲེལ་བའི་དྲི་བ་མང་པོ་དྲིས་ཡོད་འདུག

Sikyong PT Bengaluru (1).jpg
ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་བོད་མིའི་རང་དབང་གི་ལས་འགུལ་དང་འབྲེལ་བའི་སྐོར་(Indian Express)་ཞེས་པའི་རྒྱ་གར་གྱི་ཉིན་རེའི་གསར་ཤོག་གི་གསར་འགོད་པ་(Bala Chauhan)་ལགས་ཀྱི་བཅར་འདྲི་དང་ལེན་གནང་བ་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
འདི་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཡོ་རོབ་བྱང་མའི་སྦལ་ཊིཀ་(Baltic)་མངའ་ཁུལ་གྱི་རྒྱལ་ཁབ་གསུམ་དང་། དེ་བཞིན་ཧྥིན་ལེན་ཌི། དབྱིན་ཡུལ། བྷེལ་ཇམ་(Belgium)་བཅས་ནང་གི་འཚམས་གཟིགས་ཡོངས་སུ་འགྲུབ་རྗེས་མུ་མཐུད་དུ་རྒྱ་གར་ལྷོ་ཕྱོགས་སུ་གཞུང་དོན་འཚམས་གཟིགས་ཆེད་ཕྱོགས་བསྐྱོད་གནང་བ་ཡིན་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎