སྲིད་སྐྱོང་མཆོག་གིས་ཉི་ཧོང་ནས་བོད་དོན་གཏམ་བཤད་གནང་བ།


2016.01.13
སྲིད་སྐྱོང་མཆོག་གིས་ཉི་ཧོང་གི་Chibaགཙུག་ལག་སློབ་གྲྭར་གཏམ་བཤད། ༢༠༡༦།༡།༡༡ སྲིད་སྐྱོང་མཆོག་གིས་ཉི་ཧོང་གི་Chibaགཙུག་ལག་སློབ་གྲྭར་གཏམ་བཤད། ༢༠༡༦།༡།༡༡
སྲིད་སྐྱོང་ངོ་དེབ།

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དེང་སྐབས་ཉི་ཧོང་ནང་གཞུང་དོན་ཕྱོགས་ཕེབས་གནང་ཡོད་པ་ལྟར། ཚེས་༡༡ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་ནང་རྟེན་གཞི་བྱས་པའི་Chibaབཟོ་ལས་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་གཏམ་བཤད་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་བྱས་པ་ལྟར་ན། སྲིད་སྐྱོང་མཆོག་གིས་གཏམ་བཤད་ནང་། རྒྱ་ནག་གིས་བོད་ཐོག་བཙན་འཛུལ་བྱས་པའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱིས་སྣེ་འཁྲིད་འོག་བཙན་བྱོལ་དུ་བོད་མིའི་རང་དབང་སླར་གསོའི་ལས་འགུལ་འགོ་འཛུགས་བྱས་པའི་སྔ་རྗེས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་པའི་ཐོག རྒྱ་ནག་གཞུང་གིས་བོད་ཐོག་བདག་དབང་ཡོད་ལུགས་ཙམ་དུ་མ་ཟད། བོད་བཅིངས་གྲོལ་བཏང་ཡོད་ལུགས་སོགས་འཁྱོག་བཤད་ཀྱི་དྲིལ་བསྒྲགས་དེ་དག་དངོས་ཡོད་དང་མཚུངས་ཀྱི་མེད་པའི་དགག་ལན་གསལ་བཤད་གནང་ཡོད་འདུག  
སྲིད་སྐྱོང་མཆོག་གིས་བོད་འདི་བཞིན་ལོ་ངོ་༢༠༠༠ལྷག་གི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། རྒྱ་ནག་གིས་བོད་ཐོག་དྲག་པོའི་བཙན་འཛུལ་མ་བྱས་གོང་རང་བཙན་རྒྱལ་ཡིན་པའི་ཆ་རྐྱེན་ཚང་འཛོམས་ཐོག རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གནས་ཡོད་པ་ནི་དེ་སྔ་ཕྱི་ལོ་821ལོར། རྒྱ་ནག་དང་བོད་དབར་ཞི་བའི་གྲོས་མཐུན་བཞག་ཡོད་པ་ནས་གསལ་འདོན་གནང་འདུག རྒྱ་ནག་གིས་བོད་ཞི་བའི་བཅིངས་འགྲོལ་བཏང་ཡོད་ལུགས་བརྗོད་ཀྱི་ཡོད་ཀྱང་ དོན་དངོས་སུ་དེ་ནི་དྲག་པོའི་བཙན་འཛུལ་བྱས་པ ཞིག་ཡིན་པ་དང་། བཙན་འཛུལ་དེའི་འོག་ བོད་མི་ཁྲི་ཚོ་མང་པོ་དམར་བསད་གཙོས་པའི་བོད་ཀྱི་ཆོས་དང་རིག་གཞུང་དེ་བཞིན་བོད་མི་ངོ་བོ་རྩ་བརླག་ཏུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་ནི། ༡༩༦༣ལོར་རྒྱ་ནག་གི་འགོ་འཁྲིད་མའོ་ཙེ་ཏུང་ལ་པན་ཆེན་སྐུ་ཐོག་གོང་མས་ཡིག་འབྲུ་ཁྲི་བདུན་གྱི་ཞུ་ཡིག་ནས་ཁ་གསལ་ཡིན་པ་འགྲེལ་བརྗོད་གནང་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས། ཉི་ཧོང་གི་Chibaགཙུག་ལག་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་གསུངས་བཤད་དེའི་ཐོག རྒྱ་ནག་གཞུང་གིས་མཐོ་སྒང་བོད་ཀྱི་ཆུ་ཆེན་ཁག་ལ་ཆུ་རག་འཛུགས་བསྐྲུན་དང་ཆུ་ཁ་བསྒྱུར་བ་ལ་སོགས་པའི་ལས་གྲས་རྐྱེན་པས་བོད་ཙམ་མ་ཟད། ཆུ་རྒྱུག་སའི་ཨེ་ཤི་ཡའི་རྒྱལ་ཁབ་མང་པོར་དཀའ་ངལ་བཟོ་བཞིན་པ་དང་། དེ་བཞིན་བོད་ནང་གཏེར་ཁ་སྔོག་འདོན་གྱི་ལས་གྲ་དང་། བཙན་ཤེད་ཀྱི་ལམ་ནས་བོད་ཀྱི་ཞིང་འབྲོག་མི་མང་གྲོང་ཁྱེར་དུ་གནས་སྤོ་བྱེད་པའི་ལས་གཞིས་རྐྱེན་པས་སྲོལ་རྒྱུན་གྱི་ལམ་ལུགས་རྩ་མེད་བཏོང་བའི་གནས་སྟངས་དང་། ལྷག་པར་དུ་རྒྱ་ནག་གི་བཟོ་ལས་དུག་རླངས་རྐྱེན་པས་མཐོ་སྒང་བོད་ཀྱི་འཁྱག་རོམ་བཞུར་ཚད་མཐོ་བོར་སླེབས་པ་སོགས་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་སྟངས་ཛ་དྲག་ཅན་དུ་གྱུར་བའི་གནས་སྟངས་གནས་ལུགས་བཅས་འགྲེལ་བརྗོད་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎