སྲིད་སྐྱོང་མཆོག་གིས་ཨི་མོ་རི་གཙུག་ལག་སློབ་ཆེན་ནང་གཏམ་བཤད་གནང་འདུག


2018.04.10
སྲིད་སྐྱོང་མཆོག་ཨི་མོ་རི་གཙུག་ལག་སློབ་ཆེན་ནང་། ༢༠༡༨།༤།༩ སྲིད་སྐྱོང་མཆོག་ཨི་མོ་རི་གཙུག་ལག་སློབ་ཆེན་ནང་། ༢༠༡༨།༤།༩
tibet.net

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ཚེས་ ༩ ཉིན་ཨ་རིའི་མངའ་སྡེ་ཇོར་ཇི་ཡའི་རྒྱལ་ས་ཨཌ་ལཎ་ཊ་ནང་རྟེན་གཞི་བྱས་པའི་ཨི་མོ་རི་གཙུག་ལག་སློབ་གྲ་ཆེན་མོའི་ནང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལམ་སྲོལ་མང་གཙོའི་ལམ་ལུགས་སུ་གྱུར་སྟངས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག
ཐེངས་འདིའི་སྲིད་སྐྱོང་གི་གསུང་བཤད་དེ་བཞིན་ཨི་མོ་རི་གཙུག་ལག་སློབ་གྲ་ཆེན་མོའི་(Harold Berman) དྲན་རྟེན་ཆེད་ལོ་ལྟར་སྐུ་མགྲོན་གདན་ཞུས་ཀྱིས་ཁྲིམས་དང་ཆོས་ལུགས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གོ་སྒྲིག་གནང་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ལོའི་གསུང་བཤད་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མགྲོན་འབོད་ཞུས་པ་ལྟར། ཚེས་༩་ཉིན་ཁོང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལམ་སྲོལ་མང་གཙོ་ཅན་དུ་གྱུར་སྟངས་སྐོར་ངོ་སྤྲོད་གནང་བའི་ནང༌། ལོ་རྒྱུས་ཕལ་ཆེ་བའི་ནང་མང་གཙོ་ཟེར་བ་ནི་མང་ཚོགས་ཡར་ལངས་ཀྱིས་འཐབ་རྩོད་བྱས་པ་བརྒྱུད་ནས་བྱུང་བ་ཆགས་ཀྱི་ཡོད་ཀྱང༌། བོད་པའི་མང་གཙོ་དེ་འཐབ་རྩོད་ཀྱི་ལམ་ནས་མིན་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མར་གནང་བཞག་པ་ཞིག་ཆགས་ཀྱི་ཡོད་པ་དང༌། ཡང་མང་གཙོ་ལག་བསྟར་བྱེད་པ་ལ་རང་གི་ས་ཁོངས་ཤིག་དགོས་ཀྱི་ཡོད་ཀྱང༌། བཙན་བྱོལ་བོད་མི་རྣམས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་ཁ་ཐོར་ནས་བསྡད་ཡོད་པ་དེ་ལྟར་ཡང༌། ཚང་མས་མང་གཙོའི་ལམ་ལུགས་ཀྱི་རིན་ཐང་དང༌། ལམ་ལུག་དེ་ལག་བསྟར་བྱེད་མཁན་གྱི་སྒྲིག་འཛུགས་ལ་བརྩི་བཀུར་ཞུ་གིན་ཡོད་པའི་རྒྱུ་མཚན་ལ་བལྟས་ནས། འཛམ་གླིང་ནང་སྐྱབས་བཅོལ་བ་ཆེས་མང་པོ་ཡོད་པའི་ཁོངས་ནས་བོད་མི་སྐྱབས་བཅོལ་བ་རྣམས་ཚགས་ཚུགས་ཤོས་ལྟ་བུ་ཆགས་ཡོད་པ་དང༌། ཡང་མང་གཙོའི་ལམ་ལུགས་ལ་བསམ་ཚུལ་འདྲ་མིན་དང༌། གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་དགོས་པ་གལ་ཆེན་པོ་བརྩི་གིན་ཡོད་ཀྱང༌། བཙན་བྱོལ་བོད་མི་རྣམས་རང་ཡུལ་དུ་ཕྱིར་ལོག་བྱེད་རྒྱུའི་འཐབ་རྩོད་བྱེད་ཀྱི་ཡོད་ཙང་ཕན་ཚུན་འཆམ་མཐུན་གྱི་རྡོག་རྩ་ཆིག་བསྒྲིལ་ཉར་ཚགས་བྱེད་དགོས་པའང་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར་སོགས་གསུང་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
འདི་ཚེས་༡༠་ཉིན་སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཕེབས་ཡོད་པ་རེད།

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎