སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

2023.02.15
སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་(Vancouver)་ནང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ། ༠༢།༡༤།༢༠༢༣
CTA

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་གཉིས་པའི་ཚེས་༡་ནས་༡༧བར་ཨ་རིའི་རྒྱལ་ས་གཙོ་བོར་གྱུར་བའི་བྱང་ཨ་མི་ཀའི་མངའ་ཁུལ་གྱི་གྲོང་ཁྱེར་ཆེ་ཁག་དང་བོད་མི་གནས་ཡུལ་ས་གནས་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས་ཡིན་ཡིན་པ་དང་། འདི་ཚེས་༡༥ཉིན་ཁེ་ཎ་ཌའི་གྲོང་ཁྱེར་ཝན་ཁུའུ་ཝར་(Vancouver)་ཕེབས་ནས་ཁེ་ཎ་ཌའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་དང་། སྲིད་སྐྱོང་དང་ལྷན་བཅར་ཡོད་པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་ངོ་སྤྲོད་གནང་བར། སྲིད་སྐྱོང་མཆོག་ཝན་ཁུའུ་ཝའི་ནང་ཕེབས་སྐབས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་མི་རྣམས་ཀྱིས་ཕེབས་བསུ་གང་ལེགས་ཞུས་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་བོད་མི་གནས་ཡུལ་ས་ཁུལ་ཁག་ཏུ་གཙོ་བོ་ད་ལྟའི་བཀའ་ཤག་གིས་བོད་མིའི་བདེ་དོན་དང་ཆབ་སྲིད་ཀྱི་ཐོག་སྲིད་ཇུས་དང་ཕྱག་ལས་གང་འདྲ་གནང་གི་ཡོད་པའི་སྐོར་མཚམས་སྦྱོར་གནང་གི་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གིས་བོད་པ་གཞོན་སྐྱེས་ཚོར་དངོས་སུ་ཐུག་ནས་བོད་དོན་ཐད་འགན་ཁུར་ལེན་ཕྱོགས་ཐོག་བཀའ་མོལ་གནང་རྒྱུ་གལ་ཆེར་ངོས་འཛིན་གནང་གི་ཡོད་པ་བཞིན་ ཝན་ཁུའུ་ཝར་ས་གནས་སུ་གཞུང་དོན་ཕྱོགས་ཕེབས་ལེགས་འགྲུབ་བྱུང་ཡོད་པ་དང་། ཕྱི་ཚེས་༡༥ཉིན་ཁེ་ཎ་ཌའི་ཝེ་ཁི་ཋོ་རེ་ཡ་གླིང་ཕྲན་དུ་ཕེབས་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་མི་རྣམས་ལ་ཐུག་འཕྲད་གནང་གི་ཡོད་པ་དང་། དེ་ནས་ཕྱི་ཚེས་༡༦ཉིན་ཀེལ་གྷ་རི་ས་གནས་སུ་ཕེབས་ཐོན་གྱིས་ས་གནས་སུ་འཚམས་གཟིགས་འགྲུབ་རྗེས་རིམ་པས་སྲིད་སྐྱོང་མཆོག་གི་ཐེངས་འདིའི་བྱང་ཨ་མི་རི་ཀའི་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་སྒྲིལ་གནང་རྒྱུ་ཡིན་པ་ངོ་སྤྲོད་གནང་བྱུང་།
དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་མུ་མཐུད་དུ་གསུང་ན། ཐེངས་འདིར་སྲིད་སྐྱོང་མཆོག་བྱང་ཨ་རིའི་མངའ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་དགོས་དོན་གཙོ་བོ་དེ། ཨ་རིའི་གྲོས་ཚོགས་འོག་མའི་ནང་ཕྱི་འབྲེལ་ཚོགས་ཆུང་དང་རོགས་དངུལ་འབྲེལ་ཡོད་ཚོགས་ཆུང་ཁག་ཅིག་གི་འགོ་ཁྲིད་ལ་འགྱུར་བ་ཐེབས་ཡོད་སྟབས། གྲོས་ཚོགས་ཀྱི་དབུ་ཁྲིད་གསར་པ་ཁག་མཇལ་འཕྲད་གནང་རྒྱུ་དང་དེ་བཞིན་ད་ལྟ་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐོག་ཁྲིམས་འཆར་གསར་པ་ཞིག་བཏོན་ཡོད་པ་དེ་བསྐྱར་དུ་ངོ་སྤྲོད་ཀྱིས་དངོས་སུ་ཁྲིམས་ལུགས་ནང་གཏན་འབེབས་ཡོང་བར་འབད་བརྩོན་གནང་རྒྱུ། དེ་བཞིན་ཨ་རིའི་ཕོ་བྲང་དཀར་པོ་དང་ཕྱི་སྲིད་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་མི་སྣ་ཚོར་མཇལ་འཕྲད་གནང་ཡོད་པ་གསུང་བྱུང་།


གསར་འགོད་པ། རྡོ་རྗེ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎