སྲིད་སྐྱོང་མཆོག་གིས་རྒྱ་གར་ཤར་ཕྱོགས་ནས་གཏམ་བཤད་གནང་བ།


2015.04.06
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་Kalinga Institute of Social Sciencesསློབ་གྲར་གཏམ་བཤད་གནང་སྐབས། ༢༠༡༥།༤།༥ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་Kalinga Institute of Social Sciencesསློབ་གྲར་གཏམ་བཤད་གནང་སྐབས། ༢༠༡༥།༤།༥
tibet.net

སྲིད་སྐྱོང་མཆོག་གིས་ང་ཚོས་སེམས་ཤུགས་ལ་བརྟེན་ནས་དམིགས་ཡུལ་འགྲུབ་ཐབས་བྱེད་དགོས་ཞེས་རྒྱ་གར་གྱི་སློབ་མ་ཚོར་གསུངས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། སྤྱི་ཚེས་༥རེས་གཟའ་ཉི་མ་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་ཤར་ཕྱོགས་Odishaམངའ་སྡེའི་རྒྱལ་ས་ Bhubaneshwarནང་རྟེན་གཞི་བྱས་པའི་Kalinga Institute of Social Sciences ཞེས་པའི་སློབ་གཉེར་ཁང་དེའི་སློབ་ཕྲུག་རྣམས་ལ་བཀའ་སློབ་གསུང་བཤད་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས། ང་ཚོ་གྲོང་ཁྱེར་དང་གྲོང་གསེབ་གང་ཡང་རུང་བ་ནས་ཡིན་ནའང་ང་ཚོ་ཚང་མ་གཅིག་པ་རེད། ང་ཚོ་ཚང་མས་སེམས་ཤུགས་མ་ཆགས་པར་མ་འོངས་པའི་མདུན་ལམ་ཡག་པོ་ཞིག་ཡོང་རྒྱུར་རེ་བ་བྱེད་ཆོག་པས་ཚང་མར་ཐོབ་ཐང་གཅིག་པ་ཡོད་པ་རེད་ཅེས་གསུངས་འདུག ང་ཚོ་མི་གཉོམ་ཆུང་དང་གྲོང་གསེབ་ནས་ཡིན། བྱ་བ་ལམ་ལྷོང་ཡོང་གི་མ་རེད་སོགས་བསམ་ནས་བསྡད་ན་ཡོང་ཐབས་མེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་བྱ་བ་ལམ་ལྷོང་ཡོང་རྒྱུའི་བསམ་བློའི་འཁྱེར་ཕྱོགས་དགོས་པ་དང་། ང་ཚོས་སེམས་ཤུགས་ལ་བརྟེན་ནས་དམིགས་ཡུལ་འགྲུབ་ཐབས་བྱེད་དགོས། སེམས་ཤུགས་དེ་ང་ཚོའི་ཉིན་རེའི་བྱེད་ཕྱོགས་ལ་གྱུར་ནས་རྒྱུད་ལ་འཇགས་ཐུབ་ན་བྱ་བ་ལམ་ལྷོང་ཡོང་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་སྐོར་གསུངས་འདུག
དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སློབ་ཕྲུག་རྣམས་ནས་སློབ་སྦྱོང་ཡག་པོ་བྱས་ནས་མི་ཚེ་ཡག་པོ་བསྐྱལ་བའི་ཐོག་སྤྱི་ཚོགས་ཀྱི་ཞབས་ཞུ་དགོས་པའི་འབོད་སྐུལ་གནང་ཡོད་འདུག ཡང་ཁོང་གིས་བོད་དེ་རྒྱ་གར་དང་ལྷོ་ཨེ་ཤི་ཡའི་ཡུལ་ཁག་ལ་གལ་གནད་ཆེ་སྐོར་དང་། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་བབ་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ནང་གི་དཀའ་རྙོག་ཏེ་སེལ་རྒྱུར་དབུ་མའི་ལམ་གྱི་སྲིད་བྱུས་ཤིག་འཛིན་གྱི་ཡོད་པའི་སྐོར་སོགས་གསུངས་འདུག

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎