སྐྱིད་གྲོང་ཕྱོཊ་སུ་གངས་རུད་བྱུང་ནས་མི་གཉིས་རྐྱེན་ལམ་དུ་ཕྱིན་པ།
2015.02.27
སྐྱིད་གྲོང་ས་གནས་སུ་གངས་རུད་བྱུང་ནས་མི་གྲངས་བཅུ་བདུན་གངས་རུད་འོག་བསྣན་པའི་ཁྲོད་མི་གཉིས་ཀྱི་ཚེ་སྲོག་ཤོར་འདུག
འདི་ག་རླུང་འཕྲིན་ཁང་ལ་འབྲེལ་ཡོད་བོད་མི་བསམ་གཏན་གྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་གཉིས་པའི་ཚེས་༢༤ཉིན་རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁོངས་སྟོད་མངའ་རིས་ཕྱོགས་སྟོད་རྫོང་དཀར་ནས་སྐྱིད་གྲོང་དུ་འགྲོ་སའི་ལམ་བར་ལ་གློ་བུར་དུ་གངས་རུད་བྱུང་ནས་གནས་མཇལ་ལ་བསྐྱོད་མཁན་མོ་ཊ་བཞི་ཙམ་གངས་འོག་ལ་བསྣན་པའི་ཁྲོད་མི་གཉིས་རྐྱེན་ལམ་དུ་ཕྱིན་པ་དང་། ཁག་གཅིག་ལ་རྨས་སྐྱོན་ཕོག་ཡོད་འདུག
གནས་ཚུལ་འདིའི་ཐད་རྒྱ་ནག་གི་གསར་འགྱུར་ནང་། གཞི་ཁ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དར་དགའ་དགོན་པའི་ཉེ་འགྲམ་དུ་གངས་རུད་ཤུགས་ཆེ་བྱུང་ནས་སྐྱིད་གྲོང་ནས་ར་སོ་བར་གྱི་གཞུང་ལམ་ཐོག་འགྲོ་བསྐྱོད་བྱེད་བཞིན་པའི་མོ་ཊ་བཞི་གངས་རུད་འོག་ཚུད་ཡོད་པ་དང་། རྒྱ་ནག་གི་མཐའ་སྲུང་དམག་དང་ས་གནས་བོད་མི་ཚོས་ཚོུད་བཞི་ལྷག་ཙམ་རིང་ཛ་དྲག་མྱུར་སྐྱོབས་བྱས་བའི་འོག་མི་གྲངས་༡༦་སྲོག་སྐྱོབས་ཐུབ་ཡོད་ཀྱང་། མི་གཅིག་རྨས་སྐྱོན་ཚབས་ཆེ་ཕོག་པའི་རྐྱེན་གྱིས་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། གཞན་ཞིག་རྩད་རྙེད་མ་ཐུབ་པར་ཕྱི་ཚེས་༢༥ཉིན་རྐྱེན་ལམ་དུ་ཕྱིན་ལུགས་འཁོད་འདུག
སྐྱིད་གྲོང་རྫོང་ནི་གཞིས་ཁ་རྩེའི་ལྷོ་ཕྱོགས་སུ་གནས་ཡོད་པ་དང་། བལ་ཡུལ་དང་ཁྱིམ་ཚེས་ཡིན་ཞིང་། ལོ་རྒྱུས་ཐོག་ནས་བོད་དང་བལ་ཡུལ་བར་ཚོང་གི་ལམ་ཁ་གཙོ་བོ་ཞིག་ཡིན་པ་དང་། གངས་རུད་བྱུང་སའི་ལམ་ཆེན་དེ་བཞིན་བོད་དང་བལ་ཡུལ་དབར་གྱི་ལམ་ཆེན་ཨང་གཉིས་པ་དེ་ཡིན་འདུག
གསར་འགོད་པ་ཀླུ་འབུམ་དང་འཆི་མེད།