རྒྱ་ནག་དང་བོད་ཐོག་གཟིགས་སྐྱོང་གནང་སྟངས་ལ་ཁྱད་པར་ཆེ།

རྒྱ་ནག་ནང་གི་ས་ཡོམ་དང་བོད་ཀྱི་ཞི་རྒོལ་ཀྱི་གནས་སྟངས་གཅིག་འགྱུར་ལ་རྒྱ་ནག་གཞུང་གི་གཟིགས་སྐྱོང་གནང་སྟངས་ལ་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་པ་རེད།

2008.05.17

༄༅༎ཟི་ཁྲོན་ལ་ས་ཡོམ་འཇིགས་པ་བྱུང་འཕྲལ་རྒྱ་ནག་གཞུང་གིས་རོགས་སྐྱོབ་ལས་དོན་ཛ་དྲག་ངང་གནང་ཡོད་ཀྱང་ བོད་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་ལ་དྲག་གནོན་བྱེད་སྐབས་འཆི་རྨས་ཕོན་ཆེ་དང་ མི་མང་བཀྲེས་སྐོམ་གྱིས་གདུང་བས་མནར་བར་རྒྱ་ནག་གཞུང་གིས་རོགས་སྐྱོབ་བྱ་རྒྱུའི་ཚབ་ཏུ་དྲག་གནོན་བྱས་པར་བཙན་བྱོལ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་སྐྱོན་བརྗོད་གནང་འདུག

དེ་ཡང་ཟི་ཁྲོན་ལ་ས་ཡོམ་འཇིགས་པ་བྱུང་འཕྲལ་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་སོགས་ངོ་ཕེབས་གནང་བ་མ་ཟད་ དམག་མི་ཆིག་འབུམ་བརྒལ་བ་བཏང་སྟེ་རོགས་སྐྱོབས་བྱས་དང་བྱེད་བཞིན་ཡོད་ཀྱང་ བོད་ནང་ཕྱི་ཟླ་ ༣ པའི་ཚེས་ ༡༠ ནས་བོད་ཆོལ་ཁ་གསུམ་གྱི་ནང་ཞི་རྒོལ་བྱུང་སྐབས་བོད་མི་བརྒྱ་ཕྲག་བརྒལ་བ་དམར་གསོད་དང་ སྟོང་ཕྲག་ལྔ་ལྷག་འཛིན་བཟུང་བྱས་ཏེ་མནར་གཅོད་བཏང་དང་གཏོང་བཞིན་པ་རེད་ཅེས་དང་ ཡང་ཟི་ཁྲོན་ལ་ས་ཡོམ་གྱི་དོ་ཕོག་སྐོར་རྒྱལ་སྤྱིར་དངོས་ཡོད་གནས་ཚུལ་ཡོངས་བསྒྲགས་བྱས་ཀྱང་ བོད་ནང་ཞི་རྒོལ་ལ་དྲག་གནོན་སྐོར་རྒྱ་ནག་གཞུང་ཕྱོགས་རྐྱང་པའི་འཁྱོག་བཤད་བྱས་པ་མ་ཟད་ རྒྱལ་སྤྱིའི་གསར་འགོད་པ་བོད་ལ་ཡོང་འཇུག་རྒྱུ་ལྟ་ཅི་ སྔར་ཡོད་གསར་འགོད་པ་དང་ ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཕྱིར་འབུད་བཏང་བ་རེད་ཅེས་དང་ ཟི་ཁྲོན་ལ་ས་ཡོམ་བྱུང་རྗེས་ཕྱི་རྒྱལ་གྱི་རོགས་རམ་དང་ལེན་བྱས་པ་མ་ཟད་ ཉི་འོང་སོགས་ཕྱིའི་རྒྱལ་ཁབ་ཀྱི་ཁྱད་ལས་པ་ས་གནས་སུ་ཡོང་བཅུག་ཡོད་པ་རེད་ འོན་ཀྱང་བོད་ནང་ཞི་རྒོལ་ལ་དྲག་གནོན་ཤུགས་ཆེ་བྱས་རྗེས་རྨས་མ་སྟོང་ཕྲག་མང་པོར་སྨན་བཅོས་མཐུན་རྐྱེན་མེད་པར་འདས་གྲོངས་གྱུར་ཡོད་ཀྱང་ད་བར་རྒྱལ་སྤྱིའི་རོགས་རམ་བྱེད་དུ་བཅུག་མེད་པ་མ་ཟད་ རྒྱལ་སྤྱིའི་རང་དབང་ཅན་གྱི་ཞིབ་འཇུག་པ་བཏང་མེད་པ་བཅས་ཛ་དྲག་གནས་སྟངས་གཅིག་འགྱུར་ལ་རྒྱ་ནག་གཞུང་གི་གཟིགས་སྐྱོང་གནང་སྟངས་ལ་ཁྱད་པར་ཤིན་ཏུ་ཆེན་པོ་བཏང་དང་གཏོང་བཞིན་པའི་གནས་ཚུལ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་གནང་འདུག ལྷག་པར་དུ་བཙན་བྱོལ་བོད་གཞུང་དང་བོད་མིའི་སྤྱི་ཚོགས་ཀྱིས་ས་ཡོམ་འཇིགས་པ་བྱུང་བར་གདུང་སེམས་མཉམ་སྐྱེད་ཀྱི་སྨོན་ལམ་གསོལ་འདེབས་གནང་བ་མ་ཟད་ ཕྱི་ཟླ་༥པ་མ་ཡོལ་བར་རྒྱ་ནག་གཞུང་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྔ་འཕྲོས་མཚམས་འཇོག་དགོས་པའི་དམགིས་བསལ་འབོད་སྐུལ་གནང་ཡོད་ལུགས་བོད་གཞུང་མང་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་དེའི་ནང་མུ་མཐུད་བཀོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎