ཨོ་ལིམ་པིག་རྩེད་འགྲན་སྐབས་དམ་བསྒྲགས་ཁྲིམས་གཞི།

རྒྱ་ནག་གི་ཧྲང་ཧད་གྲོང་ཁྱེར་ནང་དམ་བསྒྲགས་ཡོད་པའི་མི་སྣ་ཞེས་མིང་བཏགས་པའི་མི་ཚོ་ཨོ་ལིམ་པིག་སྐབས་གྲོང་ཁྱེར་ནང་སྡོད་མི་ཆོག་པའི་བཀའ་རྒྱ་བཏང་འདུག

2008.06.24

༄༅༎རྒྱ་ནག་གི་དཔལ་འབྱོར་ལྟེ་གནས་ཀྱི་གྲོང་ཁྱེར་ཧྲང་ཧད་ཉེན་རྟོག་ལས་ཁུངས་ནས་ གྲོང་ཁྱེར་དེའི་ནང་ཡོད་པའི་གཞུང་དང་སྲིད་དོན་གྱི་ལྟ་བ་མ་མཐུན་པའི་མི་དང་ མང་ཚོགས་ཀྱི་བདེ་སྡུག་སྙན་སེང་ཞུ་བ་པོ་ལ་སོགས་པ་ དམ་བསྒྲགས་ཡོད་པའི་མི་སྣ་ཞེས་མིང་བཏགས་པའི་མི་ཚོ་ ཨོ་ལིམ་པིག་རྩེད་འགྲན་སྐབས་གྲོང་ཁྱེར་ནང་སྡོད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག་པ་དང་ ད་དུང་བཀའ་རྒྱ་དེའི་ནང་ ཁོང་ཚོས་གསར་འགོད་པ་ཚོར་སྲིད་དོན་དང་འབྲེལ་བའི་བསམ་ཚུལ་ཤོད་མི་ཆོག་པ་དང་ རྒྱལ་ཁབ་ནས་ཕྱིར་ཐོན་དགོས་པ་ དེ་བཞིན་གོ་མཚོན་དང་འབར་རྫས་སོགས་ཡོད་ཚེ་དེ་དག་ཁང་ཁྱིམ་དུ་བཞག་པ་ལས་ཕྱིར་འཁྱེར་མི་ཆོག་པ་སོགས་བཀོད་ཡོད་ལུགས་ ཧོང་ཀོང་དུ་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་དང་གནས་ཚུལ་ཁྱབ་སྤེལ་ཁང་གིས་གསར་འགོད་བསྒྲགས་གཏམ་ཞིག་བཏོན་འདུག་པ་དེའི་ནང་གསལ་ཡོད་འདུག

འོན་ཀྱང་ཧྲང་ཧད་གྲོང་ཁྱེར་གྱི་ཉེན་རྟོག་ལས་ཁུངས་ཀྱི་མགྲིན་ཚབ་མ་ཞིག་གིས་ བཀའ་རྒྱ་དེ་རིགས་བཏང་ཡོད་པའི་གནས་ཚུལ་གང་ཡང་ཤེས་རྟོག་མེད་སྟབས་ འདིའི་སྐོར་འགྲེལ་བརྗོད་གང་ཡང་བྱེད་ཐུན་རྒྱུ་མིན་ཚུལ་ རོཡེ་ཀྲརིསི་གསར་སྤེལ་ལས་ཁང་གིས་གསར་འགོད་པས་དྲི་བར་ལན་འདེབས་བྱས་འདུག

རོཡེ་ཀྲརསི་གསར་སྤེལ་ལས་ཁང་ལ་ ཧོང་ཀོང་དུ་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་དང་གནས་ཚུལ་ཁྱབ་སྤེལ་ལྟེ་གནས་ཁང་གིས་ཉེན་རྟོག་ལས་ཁུངས་ཀྱི་བཏང་པའི་བཀའ་རྒྱའི་འདྲ་བཤུས་ཤིག་མཁོ་སྤྲོད་བྱས་འདུག་པ་དེའི་ནང་ ཨོ་ལིམ་པིག་སྐབས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཆེད་དང་ རྩེད་འགྲན་ཐོག་བགེགས་བར་མི་འབྱུང་བ་སོགས་ཀྱི་ཆེད་ གཤམ་གསལ་གྱི་ཁྲིམས་གཞི་ཁག་དམ་བསྒྲགས་ཡོད་པའི་མི་ཚོས་ ཕྱི་ཟླ་བཞི་པའི་ཚེས་ ༡ ནས་ བཅུ་པའི་ཚེས་ ༣༡ བར་སྲུང་བརྩི་བྱེད་དགོས་ཀྱི་རེད་ཅེས་སོགས་འཁོད་ཡོད་འདུག

བྱེད་མི་ཆོག་པའི་ལས་དོན་རྣམ་གྲངས་ཀྱི་ཁོངས་སུ་ མང་ཚོགས་ཁོད་རྒྱག་རེས་རྒྱབ་མི་ཆོག་པ་ གསར་འགོད་པར་ཆབ་སྲིད་དང་འབྲེལབའི་བསམ་ཚུལ་ཤོད་མི་ཆོག་པ་ བདེན་པར་མཁྱོགས་བཤད་བྱེད་པ་དང་ ཆེད་མངགས་དཀྲོག་གཏམ་ཁྱབ་སྤེལ་བྱེད་པའམ་ ཡང་ན་སྤྱི་ཚོགས་ཀྱི་བརྟན་ལྷིངས་མེད་པ་བཟོ་ཐབས་ཀྱི་ལས་དོན་སོགས་རྩོམ་མི་ཆོག་པ་སོགས་གསལ་འཁོད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎