ཁྲག་རིགས་རྒྱུད་རྫས་ཀྱི་བརྟག་དཔྱད་ཡོ་ཆས་རྒྱ་ནག་ལ་བཙོང་མཚམས་འཇོག་དགོས་བ་བསྐྱར་དུ་འབོད་སྐུལ་བྱས་འདུག

2023.02.28
ཁྲག་རིགས་རྒྱུད་རྫས་ཀྱི་བརྟག་དཔྱད་ཡོ་ཆས་རྒྱ་ནག་ལ་བཙོང་མཚམས་འཇོག་དགོས་བ་བསྐྱར་དུ་འབོད་སྐུལ་བྱས་འདུག བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་(Thermo Fisher)་ཚན་རྩལ་ཁེ་གཉེར་ལས་ཁང་གི་བྱེད་བབས་དེར་ངོ་རྒོལ།
SFT

འཛམ་གླིང་གི་ཕྱོགས་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་(Thermo Fisher)་ཚན་རྩལ་ཁེ་གཉེར་ལས་ཁང་གི་བྱེད་བབས་དེར་ངོ་རྒོལ་གནང་ནས་ཉིན་གྲངས་བརྒྱ་ཕྱིན་པ་དང་བསྟུན། འདི་ཚེས་༢༨ཉིན་བསྐྱར་དུ་ཨ་མི་རི་ཀི་ཁེ་གཉེར་ལས་ཁང་དེའི་འགན་འཛིན་(Marc Casper)་ལ་ཡིག་གེ་བཏང་སྟེ་རྒྱ་ནག་ལ་ཁྲག་རིགས་རྒྱུད་རྫས་(DNA)་ཀྱི་བརྟག་དཔྱད་ཡོ་ཆས་ཚོང་འགྲེམས་འཚམས་འཇོག་དགོས་པའི་དགོས་འདུན་བཏོན་གནང་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བློ་བཟང་ཚེ་བརྟན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ཉེ་ལམ་འཛམ་གླིང་གི་ས་གནས་གང་སར་གཟའ་འཁོར་གཅིག་རིང་(Thermo Fisher)་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་ཡོད་པ་དང་། ད་ཆ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་འཛམ་གླིང་གི་ཡུལ་གྲུ་གང་སར་ཡོད་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོས་མཉམ་རུབ་ཐོག་ཨ་མི་རི་ཀའི་(Thermo Fisher Scientific)་ཁེ་གཉེར་ལས་ཁང་གི་འགན་འཛིན་(Marc Kasper)་ལ་བཏང་བའི་ཡིག་གེའི་ནང་། ཨ་རིའི་ཁེ་གཉེར་ལས་ཁང་དེས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་བཏང་སྟེ་ཚོང་གི་ཁེ་ཕན་ཆེད་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་མང་པོའི་ཁྲག་རིགས་རྒྱུད་རྫས་བསྡུ་ལེན་ཆེད་ཡོ་ཆས་བཙོང་བཞིན་པ་ནི་མ་འགྲིག་པ་དང་། བོད་ནང་ཡོད་པའི་རྒྱ་མིའི་ཉེན་རྟོག་པ་ཚོ་ནི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་གཙོ་བོ་ཡིན་པས། ཁོང་ཚོས་བོད་མི་རྣམས་གང་བྱུང་འཛིན་བཟུང་དང་གདུག་སྦྱོང་མནར་གཅོད། བཙོན་འཇུག་ཉེས་རྡུང་སོགས་བཏང་ནས་བོད་མི་ཚོ་གསོད་ཀྱི་ཡོད་པ་སོགས་འགྲོ་བ་མིའི་ཐོབ་ཐང་བརྩིས་མེད་རྡོག་རོལ་གཏོང་གཞིན་པའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་རྒྱུར་ཁེ་གཉེར་ལས་ཁང་དེས་རྒྱ་མིའི་ཉེན་རྟོག་པར་རོགས་ཕན་བྱས་པ་ལྟ་བུ་ཆགས་ཀྱི་ཡོད་པ་ཐེར་འདོན་གནང་ཡོད་འདུག
ཡང་ཛ་དྲག་ཆེ་བའི་གནད་དོན་དེ་དག་སྐོར་བཀའ་བསྡུར་གནང་རྒྱུའི་དོན་དུ། བོད་མི་ཚོ་དང་ལྷན་དུ་མཇལ་འཕྲད་གནང་དགོས་པའི་འབོད་སྐུལ་ཞུས་ཀྱང་ད་བར་ཡ་ལན་གནང་མེད་པ་གསུངས་ཏེ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐད་ཀྱི་ལས་དོན་ཆུང་ངམ་(CECC)་ཡི་འདྲི་རྩད་ལ་(Thermo Fisher)་ཁེ་གཉེར་ལས་ཁང་གིས་ལན་འདེབས་བྱས་པའི་དོན་ཚན་རེ་རེ་བཞིན་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ལན་འདེབས་བྱས་ཡོད་པ་ཡིག་ཐོག་བཀོད་ཡོད་པ་གཟིགས་རྒྱུ་ཡོད་པ་དེ་ཚོར་བསམ་ཞིབ་གནང་བའི་རེ་སྐུལ་གནང་འདུག
ད་དུང་(Thermo Fisher)་ཁེ་གཉེར་ཁང་གིས་ཡོ་ཆས་དེ་དག་རྒྱ་ནག་ལ་བཙོང་མཚམས་བཞག་ན་ཕྱི་དྲགས་མེད་པའི་དྲན་སྐུལ་དང་། གདོང་ཐུག་གྲོས་མོལ་གྱི་ལམ་ནས་ཡོ་ཆས་དེ་དག་རྒྱ་ནག་ལ་བཙོང་མཚམས་མ་བཞག་ན་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་ངོས་ནས་ངོ་རྒོལ་ལས་འགུལ་མཚམས་འཇོག་བྱེད་རྒྱུ་མིན་གསལ་སྟོན་བྱས་ཡོད་འདུག


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎