རྒྱ་གཞུང་གིས་བོད་ཡིག་དྲ་རྒྱ་ཁག་་བཀག་འགོག་བྱས་པ།

རེས་གཟའ་པ་སངས་ཉིན་ནས་བོད་ནང་དུ་དར་གསོ་ཆེ་བའི་བོད་ཡིག་གི་དྲ་རྒྱ་ཁག་ཅིག་བལྟ་ཀློག་བྱ་རྒྱུ་མེད་པ་བཀག་འགོག་བྱས་ཡོད་པ་རེད།

2012.02.04

༄༅༎དེ་ཡང་གནས་ཚུལ་ཐོན་པར་གཞིགས་ན། བར་ལམ་བོད་ཀྱི་ཤར་ཕྱོགས་ཁུལ་དུ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་ཆེད་བོད་མིས་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་རིམ་པ་ཐོན་པ་དང༌། ཡང་རྒྱ་ནག་གི་སྲིད་ཇུས་ལ་བོད་མི་ཚོས་ཞི་བའི་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་བའི་སྐབས་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པས་མེ་མདའ་རྒྱབ་པ་དང༌། རྒྱ་མིའི་དམག་མི་འཕར་མ་འགྲེམས་འཇོག་བྱས་ཏེ་དམ་བསྒྲགས་ཆེ་རུ་བཏང་བ། དེ་བཞིན་རེས་གཟའ་པ་སངས་ཉིན་ནས་བོད་ནང་དུ་དར་གསོ་ཆེ་བའི་བོད་ཡིག་གི་དྲ་རྒྱ་ཁག་ཅིག་བལྟ་ཀློག་བྱ་རྒྱུ་མེད་པ་བཀག་འགོག་བྱས་ཡོད་པ་ནི། ཨ་མདོའི་དྲ་རྒྱ་གསལ་འདེབས་ཆ་འཕྲིན་ཞེས་པ་དེ་བལྟ་ཀློག་བྱས་པའི་སྐབས། རྒྱ་ཡིག་ཐོག་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱིས་དྲ་རྒྱའི་དམིགས་ཡུལ་གཞིར་བཟུང་གནས་ཚུལ་བཀོད་སྤེལ་མ་བྱས་པར་བརྟེན་གནས་སྐབས་རིང་སྒོ་རྒྱབ་པ་ཡིན་པས། དྲ་རྒྱ་འདི་བལྟ་ཀློག་བྱེད་མཁན་ཚོས་བསམ་ཤེས་ཡོང་བའི་རེ་བ་ཡོད་ཅེས་བྲིས་པ་མཐོང་རྒྱུ་ཡོད་པ་རེད། ད་དུང་བོད་ནང་གི་དྲ་རྒྱ་དར་གསོ་ཆེ་བ་གཅིག་ནི། གསང་ཧོར་དྲ་རྒྱ་ཡིན་ཞིང༌། དྲ་རྒྱ་དེའི་ཐོག་བསྐྱོད་པའི་སྐབས་རྩ་བ་ནས་བལྟ་ཀློག་མ་ཐུབ་པ་བཟོས་ཡོད་ཀྱང་གནས་ཚུལ་གང་ཡང་འགྲེལ་བཤད་བྱས་མེད་པ་དང༌། དེ་བཞིན་དུ་རང་གྲོལ་སྨྱུག་གསར་ཞེས་པའི་དྲ་རྒྱ་དེ་ཡང་བལྟ་ཀློག་བྱེད་རྒྱུ་མེད་པ་བཟོས་ཡོད་པ་རེད། རང་གྲོལ་དྲ་རྒྱ་དེའི་ཐོག་ན་ནིང་ཕྱི་ཟླ་༡༠ པའི་ནང་བོད་ནང་གི་བདེན་པའི་གནས་ཚུལ་སྐོར་གྱི་རྩོམ་བྲིས་ཤིག་བཀོད་སྤེལ་བྱས་པའི་རྗེས། རྩོམ་བྲིས་དེ་དྲ་རྒྱ་དེའི་ཐོག་ནས་མཐོང་རྒྱུ་མེད་པ་བཟོས་ཡོད་པ་རེད། ད་རེས་དྲ་རྒྱ་དེའི་ཐོག་བསྐྱོད་པའི་སྐབས་དབྱིན་ཡིག་གི་ཐོག་ལ་དྲ་རྒྱ་དེ་བལྟ་ཀློག་ཐུབ་པ་མེད་ཅེས་དང༌། དབྱིན་ཡིག་དེའི་འོག་ཏུ་བོད་ཡིག་ཐོག་ཚེ་སྲོག་གི་ཕྱིར་དུ་མིག་ཆུ་དང་མྱ་ངན་ཞུ་ཞེས་བྲིས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎