རྒྱ་རིགས་ཤེས་ལྡན་པ་བདུན་གྱིས་ལིའུ་ཤའོ་ཕུའུ་ལ་དགའ་བསུ།

རྒྱ་ཤེས་ལྡན་པ་བདུན་གྱིས་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེར་དགའ་བསུའི་ཡིག་འཕྲིན་ཐོག་ས་རྟགས་བཀོད་འདུག

2010.10.09

༄༅༎རྒྱ་མི་རིགས་ཤེས་ལྡན་པ་བདུན་གྱིས་ད་རེས་སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེར་དགའ་བསུའི་ཡིག་འཕྲིན་ཐོག་ས་རྟགས་བཀོད་དེ། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཐོག་ལ་ཕྱག་ལས་གནང་བའི་བྱས་རྗེས་དང་སྙིང་སྟོབས་ལ་བསྔགས་བརྗོད་ཞུས་ཡོད་པ་རེད།

ཁོང་ལ་བསྔགས་བརྗོད་ཀྱི་ཡིག་འཕྲིན་དེ་ནི་www.peacehall.comཞེས་པའི་དྲ་རྒྱའི་ཐོག་བཀོད་སྤེལ་བྱས་ཏེ། ལིའུ་ཤའོ་ཕུའུ་ལ་རྒྱབ་སྐྱོར་བྱེད་མི་སུ་འདྲ་ཞིག་གིས་རྒྱབ་སྐྱོར་གྱི་ས་ཡིག་བཀོད་ཐུབ་པ་ཞིག་ཡིན་ཞིང༌། ཡི་གེ་དེའི་ནང་དོན་དུ། རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ད་ལྟ་བཙོན་ཁང་དུ་ཡོད་པ་སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་པ་དེ་ནི། ཁོང་གིས་གུང་ཁྲན་ཏང་གིས་དབང་འཛིན་བྱེད་པའི་རྒྱ་ནག་རྒྱལ་ཁབ་དེའི་ནང་དུ་དམངས་གཙོ་ལྡན་པའི་ཆབ་སྲིད་ཀྱི་བཅོས་བསྒྱུར་གཏོང་དགོས་པའི་༢༠༠༨ལོའི་རྩ་འཛིན་ཡིག་ཆ་ཞེས་པ་རྩོམ་བྲིས་གནང་མཁན་གྲས་གཅིག་ཡིན་པ་དང༌། ཁོང་གིས་བྲིས་པའི་རྩ་འཛིན་ཡིག་ཆ་དེ་ཡིས་རྒྱ་ནག་ནང་ཞི་བའི་ཐོག་ནས་བཅོས་བསྒྱུར་ཡོང་ཐབས་ལ་རེ་བ་དང་རྒྱབ་སྐྱོར་ཡོང་ཐབས་གནང་ཡོད་པ་རེད་ཅེས་བཀོད་ཡོད་པ་རེད། གོང་གསལ་རྒྱབ་སྐྱོར་གྱི་ཡིག་འཕྲིན་བཀོད་སྤེལ་བྱེད་ཡུལ་དེ་ནི་ཕྱིའི་རྒྱལ་ཁབ་ནང་དུ་ཡོད་པའི་དྲ་རྒྱ་ཞིག་ཡིན་པ་དང༌། ད་ལྟ་བར་ཡིག་འཕྲིན་དེའི་ཐོག་རྒྱབ་སྐྱོར་གྱི་ས་ཡིག་བཀོད་མཁན་གྱི་གྲས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་ཏའེ་ཆིང་དང་དཔལ་འབྱོར་ཆེད་ལས་པ་མའོ་ཡུའུ་ཧྲི་སོགས་མི་བདུན་བྱུང་ཡོད་ཅིང༌། ཡིན་ནའང་དེ་རིང་ཏའེ་ཆིང་གིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ། དེ་རིང་བར་དུ་རྒྱབ་སྐྱོར་གྱི་ས་ཡིག་བཀོད་མཁན་མི་བདུན་ལས་བྱུང་མེད་ཀྱང་རིམ་པས་ས་ཡིག་རྒྱབ་མཁན་རྒྱབ་སྐྱོར་བ་མང་དུ་འགྲོ་རྒྱུར་ཡིད་ཆེས་གནང་གི་ཡོད་ཅེས་དང༌། ལིའུ་ཤའོ་ཕུའུ་ནི་རྒྱ་ནག་གི་འཚེ་མེད་ཞི་བའི་བྱེད་པོ་ཞིག་རེད་ཅེས་བསྔགས་བརྗོད་ཞུ་དགོས་དོན་ནི། ཁོང་གིས་ཆབ་སྲིད་ཚོགས་པ་གཅིག་གིས་དབང་བསྒྱུར་བྱེད་པའི་ལམ་ལུགས་ཞི་བའི་ཐོག་ནས་བཅོས་བསྒྱུར་ཡོང་ཐབས་ལ་ལེགས་སྐྱེས་ཕུལ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎